《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月21日

ཕྱི་འབྲེལ་པུས་བསྟན་དོན།

ཧྥ་རན་སེ་སོགས་རྒྱལ་ཁབ་12ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་2025ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་འགོ་ཁྲིད་པས་ཧྥ་རན་སེར་འཚམས་འདྲི་གནང་རིང་། ཧྥ་རན་སེ་སོགས་རྒྱལ་ཁབ་12ཀྱི་སྤྱི་དམངས་གནས་སྐབས་རིང་ཀྲུང་གོར་ཡོང་ཚེ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དེ་2025ལོའི་ལོ་མཇུག་བར་ནར་འགྱངས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཉེ་ཆར་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གསལ་པོ་གནང་བ་རེད།

ལིན་ཅན་གྱིས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་དང་། འཇར་མན། དབྱི་ཐ་ལི། ཧོ་ལན། སི་ཕེན། མ་ལེ་ཞི་ཡ། སུའེ་ཙེར། ཨེར་ལན། ཧང་ག་རི། ཨོ་སི་ཁྲུ་རི་ཡ། པེར་ཀྲེམ། ལུ་ཙེམ་པོག་བཅས་རྒྱལ་ཁབ་12ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དེ་2025ལོའི་ཟླ་12ཚེས་31ཉིན་བར་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་ཡོད། གོང་གསལ་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ལམ་ཡིག་དཀྱུས་མ་ཡོད་པ་གང་ཞིག རྒྱལ་མཚམས་བསྒྲལ་ཡུན་ཉིན་15ལས་མི་བརྒལ་ཚེ་ཀྲུང་གོར་ཚོང་གཉེར་དང་། ཡུལ་སྐོར་དང་ལྟ་སྐོར། གཉེན་ཉེ་དང་གྲོགས་པོ་ཐུག་འཕྲད་བཅས་བྱེད་པར་ཡོང་དུས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་ཞེས་བརྗོད་པ་རེད།