《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月21日

རྩྭ་མདའ་རྫོང་གི་ཨུའུ་ལུའུ་མུའུ་ཆི་ནས་བོད་དུ་སྐྱོད་སའི་ཞབས་ཞུའི་ས་ཚིགས་ཀྱིས།

ལམ་འགྲམ་གྱི་ཀོང་དོང་ནང་ཟགས་པའི་རླངས་འཁོར་ཞིག་འདོན་རོགས་བྱས་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་24ཉིན་གྱི་ཆུ་ཚོད་17དང་སྐར་མ་40ཙམ་ལ། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཨུའུ་ལུའུ་མུའུ་ཆི་ནས་བོད་དུ་སྐྱོད་སའི་ཞབས་ཞུའི་ས་ཚིགས་ཀྱི་ལས་སྒྲུབ་ཉེན་རྟོག་པར་མདུན་གྱི་སྤྱི་ལེ་གཅིག་གི་སའི་ལམ་ཟུར་གྱི་ཀོང་དོང་ནང་རླངས་འཁོར་ཞིག་ཟགས་འདུག་པས་འཕྲལ་དུ་འདོན་རོགས་ཞེས་པའི་སྙན་སེང་འབྱོར།

ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པ་གཉིས་འཕྲལ་དུ་ས་གནས་ས་ཐོག་ཏུ་རོགས་སྐྱོབ་ལ་ཐོན་པ་དང་འབྲེལ། 120མྱུར་སྐྱོབ་ཁ་པར་དང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རོགས་སྐྱོབ་ཁ་པར་བརྒྱབ། དེ་རྗེས་རྩྭ་མདའ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཉེ་འཁོར་གྱི་སྐོར་ཞིབ་ཉེན་རྟོག་རུ་མི་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད། ཕྱོགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་མཐར། རྨས་སྐྱོན་ཕོག་པའི་ལི་ཆེ་གེ་མོ་བདེ་བླག་ངང་བསྐྱབས་ནས་རྫོང་མི་དམངས་སྨན་ཁང་ལ་སྨན་བཅོས་བྱེད་པར་བསྐྱལ་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། འཕྲུལ་སྒུལ་འཁོར་རིགས་ལ་གཏན་འཁེལ་གྱི་མི་གྲངས་ལས་འགལ་ནས་བླུགས་མི་ཆོག་པ་དང་། འགྲུལ་སྐྱེལ་འཕྲུལ་སྒུལ་འཁོར་རིགས་ཀྱིས་ཁྲིམས་འགལ་ངང་དངོས་ཟོག་དབོར་མི་ཆོག་པ། གལ་སྲིད་གཞུང་ལམ་འགྲུལ་སྐྱེལ་རླངས་འཁོར་ནང་འགྲུལ་པ་ཚད་ལས་བརྒལ་བ་བླུགས་རིགས་བཅས་ལ་སྒོར་200ཡན་ནས་སྒོར་500མན་གྱི་ཆད་པ་གཅོད་རྒྱུ་དང་། གཏན་འཁེལ་མི་གྲངས་བརྒྱ་ཆ་ཉི་ཤུ་བརྒལ་བའམ་ཡང་ན་ཁྲིམས་འགལ་ངང་དངོས་ཟོག་བླུགས་རིགས་ལ་སྒོར་500ཡན་ནས་སྒོར་2000མན་གྱི་ཆད་པ་གཅོད་རྒྱུ་ཡིན་ལུགས་འཁོད་ཡོད།