འདི་ག་ཚགས་པར་ཁང་དུ་དིང་རི་ནས་གློག་འཕྲིན་འབྱོར་གསལ། “ཁྲིམས་དཔོན་ལགས། འཕྲུལ་ཆས་བོགས་མར་བཏང་བའི་དངུལ་སྒོར་ཁྲི་132ཀྱིས་ང་ཚོའི་ཚོང་གཉེར་མ་དངུལ་འཁོར་རྒྱུག་ལ་དཀའ་ངལ་ཆེན་པོ་བཟོས་སོང་། ཐ་ན་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལའང་ཡིད་ཆེས་མེད་པར་གྱུར་སོང་། དེ་རིང་གང་ཞིག་ལ་དམངས་ཆེད་ཁྲིམས་འཛིན་ཟེར་བ་དངོས་སུ་མྱོང་ཚོར་ཐུབ་བྱུང” ཉེ་ཆར་ལག་བསྟར་རེ་ཞུ་མཁན་བསོད་ཆེ་གེ་མོ་དང་སྦྱིན་ཆེ་གེ་མོས་ཁྲིམས་དཔོན་གྱི་ལག་ནས་འཇུས་ཏེ་སེམས་འགུལ་ཐེབས་བཞིན་བཤད།
“ལག་བསྟར་མཚམས་འཇོག”དང“སླར་གསོ་ལག་བསྟར་སྐུལ་འདེད”ཀྱི་ཆེད་དོན་བྱ་སྤྱོད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་སྒུལ་ནུས་ཁྲིམས་འཛིན་མཐའ་འཁྱོངས་ཀྱིས་ལག་བསྟར་མཚམས་འཇོག་གི་གྱོད་གཞི་ངོ་བོའི་ཐོག་ནས་སེལ་རྒྱུ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བའི་དམ་འཛིན་བྱ་གཞིར་བརྩིས་ཤིང་། ཉེ་བའི་ལོ་ཤས་རིང་ཁྲིམས་ལྟར་ལག་བསྟར་མཚམས་འཇོག་གི་གྱོད་གཞིར་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་དང་ཆབས་ཅིག གྱོད་གཞི་རེར་ཐབས་ཇུས་རེ་དང་། ཆེད་མིས་འགན་འཁུར་བ། མི་རྒྱུ་གཉིས་སྡོམ། ཞུ་ཉན་དང་བཅར་ལན་བཅས་ཀྱི“ལག་བསྟར་མཚམས་འཇོག་གི་གོམ་སྟབས་བཞིའི་ལས་ཀའི་བྱ་ཐབས”ལག་བསྟར་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ“དྲང་བཞག་དང་ལས་ཕྱོད”ཀྱི་བརྗོད་དོན་གཙོ་བོའི་ལེའུ་གསར་པ་བརྩམས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བྱ་སྤྱོད་སྤེལ་ཚུན་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་མཚམས་འཇོག་གི་གྱོད་གཞི་ཁག་8སླར་གསོ་བྱས་ཏེ་ལག་བསྟར་རེ་ཞུ་མཁན་ལ་ངལ་ནུས་གླ་ཆ་དང་། འཕྲུལ་ཆས་བོགས་མར་བཏང་བའི་དངུལ། འགན་གཙང་དངུལ་སོཌ་སྒོར་ཁྲི་256བསློགས་ཏེ། ཞུ་གཏུག་ཐོབ་པའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱས་ཡོད། གོམ་སྟབས་རྗེས་མར། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས“ལག་བསྟར་མཚམས་འཇོག”དང“སླར་གསོ་ལག་བསྟར་སྐུལ་འདེད”ཀྱི་ཆེད་དོན་བྱ་སྤྱོད་གོ་སྐབས་སུ་བྱས་ཏེ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡིད་རྟོན་སྣེ་ཁྲིད་ལ་སྐུལ་འདེད་གཏོང་བ། རང་སྟོབས་ལག་བསྟར་མཐའ་འཁྱོངས་བཅས་བྱས་ནས་ལག་བསྟར་མཚམས་འཇོག་གི་གྱོད་གཞིའི་གྲངས་འབོརཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གདིང་གཞི་གཙང་སེལ་བྱེད་པ། གསོག་འབོར་མེད་པ་བཟོ་བ་བཅས་ཀྱི་ལས་ཀའི་དམིགས་ཚད་རིམ་བཞིན་མངོན་འགྱུར་ཐུབ་རྒྱུ་རེད།
(བསྟན་བཟང་དང་བསོད་བདེ་ཆེ་བས་སྒྱུར་ཞུས་བྱས)