འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ། འདི་ལོའི་ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་16པ་དེ་རེད། གནོད་འཚེའི་ཉེན་ཁ་དོ་དམ་དང་ཕྱོགས་བསྡུས་གེགས་སེལ་གྱི་འདུ་ཤེས་བརྟན་པོར་བཙུགས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་རྒྱ་ཁྱབ་བྱེད་པ་དང་། ཉེན་གཡོལ་གྱི་རྩལ་ནུས་མཐོ་རུ་གཏོང་བ། སྤྱི་ཚོགས་སྤྱི་དམངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་དང་རང་གཞན་སྐྱོབ་རོགས་བྱེད་པའི་ནུས་པ་ཆེ་རུ་གཏོང་ཆེད། ཚེས་12ཉིན་གྱི་སྔ་དྲོ་2024ལོའི“5·12”ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་སྤྲད་དེ་བློ་འདྲིའི་ཞབས་ཞུ་སྤེལ་བ་དང་། གནོད་འཚེའི་ཉེན་ཁ་སྣ་ཚོགས་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ། རང་གཞན་སྐྱོབ་པའི་རྩལ་ནུས་བཅས་གསལ་འགྲེལ་བྱས་པས། སྣ་མང་ཕུན་སུམ་ཚོགས་པའི་ནང་དོན་གྱིས་མང་ཚོགས་མང་པོ་འཚང་ཁ་ཤིག་ཤིག་ངང་ཞུགས་པའི་ཡིད་དབང་བཀུག་ནས་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་བཟང་པོ་ཐོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་བརྗོད་དོན་གཙོ་བོ་ནི“ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཀུན་གྱིས་འཕྲལ་སྡོམ་ཤེས་པར་བྱས་ཏེ་གཞི་རིམ་གྱི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་གྱི་རྩལ་ནུས་ཆེ་རུ་ནུས་ལྡན་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། ཟླ་5ཚེས་11ནས་17ཉིན་བར་ནི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་གཟའ་འཁོར་ཡིན་པ་རེད།