དཔྱིད་རླུང་འཇམ་པོ་གནམ་སའི་བར་དུ་ལྡང་། །
གསར་སྐྱེས་ལྗོན་པས་མགོ་ལྕོག་ལྡེམ་ལྡེམ་གཡོ། །
འདབ་ཆགས་ཚོགས་ཀྱིས་ཀྱུར་ཀྱུར་གྲེ་འགྱུར་ངོམ། །
ཤིན་ཏུ་སྐྱིད་པའི་ཚུལ་གྱིས་ནམ་མཁར་འཕུར། །
རི་ཚོགས་སྒང་གཤོང་སྨུག་སྤྲིན་ཡོལ་བ་འཐེན། །
རི་དྭགས་སྣ་ཚོགས་བག་ཡངས་རྩེད་འཇོར་རོལ། །
དྭངས་གཙང་ཆུ་བོ་ཤང་ཤང་དལ་གྱིས་བཞུར། །
ཆུ་ནང་གསེར་མིག་ཉ་ཚོགས་ལྷོད་ཀྱིས་འཁྱུག །
ས་གཞི་སྒེག་མོའི་བྲང་གཞུང་ཆར་གྱིས་བརླན། །
ལྗང་མདོག་ས་གཞིའི་ཕང་ནས་མེ་ཏོག་བཞད། །
རྐང་དྲུག་བུང་བའི་ཁྱུ་ཡིས་མགུར་གླུ་ལེན། །
རྩེན་འདོད་ཡིད་ཀྱི་མདའ་མོ་སྤང་ལ་སིམ། །
འཁོར་བའི་མི་ཡི་སེམས་པ་དགའ་བས་ཁེངས། །
ལྷོད་ཆགས་ཞི་བའི་ཉམས་སྣང་སྣ་ཚོགས་འཆར། །