《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月14日

༄༅་། གཏམ་དཔེ་རྣ་བའི་བུ་རམ་།

※ ང་རྒྱལ་གྱི་སྤང་ལ། །

ཡོན་ཏན་གྱི་རྩྭ་མི་སྐྱེ། །

※ མི་ལ་གནོད་པའི་གཏམ་མ་ཤོད། །

རང་ལ་གནོད་པའི་དུག་མ་འཐུང་། །

※ མཛུབ་མོ་ལྔ་པོ་སྤུན་རེད། །

ལག་པའི་ཕྱི་ནང་ཤ་རེད། །

※ གཡག་གིས་ཆུ་འཐུང་མ་འདོད་ན། །

གཉའ་ནས་མནན་པས་ཅི་ལ་ཕན། །

※ བོང་བུ་གང་འགྲོ་དབྱུག་པས་མི་གཏོང་། །

རྟ་ཕོ་གང་འགྲོ་སྲབ་ཀྱིས་མི་གཏོང་། །

※ མི་ངན་བཏུལ་མཁན་ཁྲིམས་དང་། །

རྟ་རྒོད་བཏུལ་ས་བྲག་ཡིན། །

※ འགྲོ་བར་ཝ་མོ་མཁས་ཀྱང་། །

སྡོད་པར་རི་བོང་མཁས། །

※ སྟག་ཤ་རའི་ཁོག་ལ་ཚིག་ཆུད་དགོས། །

སྨན་བུ་མོའི་ཁོག་ལ་བུ་ཆུད་དགོས། །

※ བརྩེ་དུང་སྟོང་སྐུད་ཀྱི་མདུད་པ། །

སེམས་མཐུན་དར་དཀར་གྱི་ཡོལ་བ། །

※ ཡ་རབས་ཚིག་ལ་འགྱུར་བ་མེད། །

ཤང་ཤང་རྒྱུག་ཆུར་རུལ་རྒྱུ་མེད། །

※ ཉལ་ཚོད་རང་གིས་མ་ཟིན་ན། །

གཏི་མུག་གཉིད་ལ་དྭངས་མཐའ་མེད། །

※ ཁལ་བཀལ་ན་ཆེ་ཆུང་མེད། །

སྲང་འཇལ་ན་ལྕི་ཡང་མེད། །

※ ཐག་ཉེ་མིག་གིས་མ་རིག་ཀྱང་། །

ཐག་རིང་རྣ་བས་གོ་ཚོད་ཡོད། །

※ རང་ཁ་གསེར་གྱི་སྒོ་མོ། །

རང་སྲོག་གཅོད་པའི་སྟ་རེ། །

※ ཟས་ཟ་ཚོད་ཟིན་ན་འབྱུང་བ་བདེ། །

དཔའ་འཐབ་ཚོད་ཟིན་ན་རང་སྲོག་བདེ། །