《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月14日

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁང་གསར་ལྷོ་སྡེ་ཁུལ་གྱིས་གླ་ཕོགས་ཀྱི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཁང་གསར་ལྷོ་སྡེ་ཁུལ་གྱིས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་པ་བརྒྱུད། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པའི་གནད་དོན་ཞིག་ཐག་གཅོད་ལེགས་གྲུབ་བྱུང་བ་རེད།

ཞིང་པ་ལས་མིའི་རོགས་སྐྱོར་རེ་ཞུ་འབྱོར་རྗེས། ཁང་གསར་ལྷོ་སྡེ་ཁུལ་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་དོན་མི་སྣ་སྒྲིག་འཛུགས་ཀྱིས་ས་གནས་ས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་བྱས་པ་རེད། ལས་དོན་མི་སྣས་འབྲེལ་ཡོད་ཕྱོགས་ཁག་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། མཐར་ཕྱོགས་གཉིས་པོའི་བསམ་འཆར་གཅིག་མཐུན་བྱུང་སྟེ། འགྱངས་ཆད་བྱས་པའི་གླ་ཕོགས(སྒོར་5625)ཚང་མ་ས་གནས་ས་ཐོག་ཏུ་གཙང་འཇལ་བྱས་ནས། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱས་པ་རེད།