《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月14日

རྒྱལ་ཁབ་ཀྱི་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཚ་རགས་གྲོང་ཚོས་ཞིང་ནང་དུ“ཁྱེད་དང་ང་ཡིས་མཉམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད། ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ནས་མཉམ་དུ་བྱ་སྤྱོད་སྤེལ་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། གྲོང་ཚོའི་སྒྲོག་འགྲེལ་པ་བདེ་ཆེན་གྱིས་དུས་ནམ་ཞིག་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཡིན་པ་དང་། དེ་བཞིན་རྒྱལ་ཁབ་བདེ་འཇགས་ཀྱི་ནང་དོན་གཙོ་བོ་སོགས་ཀྱི་ཐད་ནས་སྒྲོག་འགྲེལ་བྱས་པ་རེད། དེ་རྗེས་རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་གྱི་ཤེས་བྱའི(བོད་སྐད)བརྙན་ཐུང་ཏང་ཀྲི་པུའུ་ཁག་གི་སྐད་འཕྲིན་ཚོགས་པར་བསྐུར་ནས་སླད་ཕྱིན་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་མཁོ་འདོན་བྱས་པ་རེད། འདི་ནི་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོས་ཞིང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་སྒྲོལ་འགྲེལ་བྱེད་སྒོ་སྤེལ་བཞིན་པ།