ཉེ་ཆར། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་ཀྱི་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་བྱས་ནས་ལོ་གཉིས་འཁོར་བ་གོ་སྐབས་སུ་བྱེད་པ་དང་། “ནག་སེལ་གཤེད་བཅོམ་བྱས་ནས་མཉམ་དུ་བདེ་འཇགས་སྲུང་བ”བརྗོད་དོན་གཙོ་བོར་བྱས་ཏེ་རྫོང་རྒྱབ་ཀླུ་ཁང་དུ་གཅིག་སྡུད་དྲིལ་བསྒྲགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་རང་སྐྱོང་ལྗོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་རིམ་པ་གསུམ་པའི་ནག་སེལ་གཤེད་བཅོམ་ལ་འཐབ་རྩོད་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་28སྒྲིག་འཛུཊ་བྱས་ནས་མཉམ་དུ་སྤེལ་བ་ཞིག་ཡིན་པ་དང་དེའི་ནང་མོས་ཚོགས་མངགས་སྐྱེལ་པ་དང་མྱུར་སྐྱེལ་ཀུང་སིའི་འཐུས་མི་ཚུད་པའི་ཁྱོན་མི་གྲངས་80ཞུགས་ཡོད་པ་རེད།