《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月14日

འགོག་སྲུང་ཤེས་བྱ་དྲིལ་བསྒྲགས་བྱས་པ།

ཉེ་དུས། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སྦས་སྣ་འོད་ཤུགས་གློག་སྒྱུར་ས་ཚིགས་སུ“སྐོར་སྐྱོད་ཉེན་དོན”གྱིས་གནས་སྡོད་ཐོ་འགོད་གཱ་གཉེར་བ་མ་ཟད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ད་དུང་སྦས་སྣ་འོད་ཤུགས་གློག་སྒྱུར་ས་ཚིགས་ཀྱི་ལས་བཟོ་ཚོར་མེ་ཟོན་རྐུ་འགོག་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།