《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月07日

༄༅། །དགུན་གྱི་ཁ་བ་དང་པོ།

དགུན་ཁ་ཤར་སོང་། གནམ་གཤིས་ཀྱི་འགྱུར་བ་དང་བསྟུན་ནས་འདབ་ཆགས་རྣམས་ལྷོ་ཕྱོགས་སུ་འཕུར་བ་དང་། ད་དུང་སྲོག་ཆགས་འགའ་རེ་དགུན་ཉལ་རྒྱག་པ། རྩྭ་རྩི་ཤིང་གི་ལོ་མ་སེར་པོར་གྱུར་ཏེ་རླུང་བུའི་གཡོ་ཕྱོགས་དང་དང་བསྟུན་ནས་གང་སར་ལྡིང་བ་སོགས་ལས་མི་རྣམས་ལ་དགུན་ཁ་བསླེབས་སོང་ཞེས་བརྡ་གཏོང་བ་དང་འདྲ།

ཞོགས་པ་ང་རང་གཉིད་ལས་སད་དུས་ཉལ་ཁང་གི་སྒེའུ་ཁུང་ཆུང་ཆུང་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་སྐབས། ང་ཚོའི་ལུས་རྩལ་ཐང་དང་མཐའ་འཁོར་གྱི་ས་འཛིན་སོགས་དཀར་ཐིང་ཐིང་དུ་གྱུར་བ་མཐོང་། ཐོག་མར་ངའི་སྣང་བར་འདི་འཁྲུལ་སྣང་ཞིག་མིན་ནམ་སྙམ་བྱུང་། རྒྱུ་མཚན་ནི་དགུན་ཁ་ཤར་བ་ནས་ད་ལྟའི་བར་དུ་ཁ་བ་ཐེངས་གཅིག་ཀྱང་འབབ་མྱོང་མེད་པས་ཡིན། ང་རང་ཉལ་ཁང་གི་སྒོ་ནས་དོན་པའི་ཚེ། མིག་མདུན་དུ་འཆར་བ་ནི་ལྷབ་ལྷུབ་ཏུ་འབབ་པའི་ཁ་བའི་འདབ་མ་རེད། ང་རང་རྩེད་མོ་བརྩེ་བར་འགྲོ་བསམ་དུས་ཉལ་ཁང་ལ་དོ་དམ་གནང་མཁན་རྒན་ལགས་ཀྱིས་གཟབ་གཟབ་མ་བྱས་ན་འཁྱགས་པ་ཆགས་འདུག་ཅེས་གསུངས། ང་རང་སློབ་ཁང་དུ་འགྲོ་བའི་ལམ་བར་དུ་སློབ་ཕྲུག་མང་པོ་རྩེད་འཇོར་རོལ་བཞིན་འདུག མ་གཞི་སྐབས་དེ་དུས་ནམ་ཡོངས་སུ་གསལ་མེད་མོད། སློབ་ཕྲུག་རྣམས་ཀྱིས་དུས་ཡུན་རིང་པོ་ཞིག་ཁ་བ་མཐོང་མེད་པའི་རྐྱེན་གྱིས་ཡིན་ནམ། ཡང་ན་ཁ་བ་ལ་དགའ་དྲགས་པའི་རྐྱེན་གྱིས་ཡིན། གང་ལྟར་ཚང་མས་སྔ་པོ་ནས་མལ་ལས་ལངས་ཏེ་གྲང་ངར་ལ་མ་འཛེམས་པར་གངས་ཁྲོད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་འདུག

ང་རང་དགུན་ཁ་ལ་དགའ། མ་གཞི་དགུན་ཁ་ནི་དབྱར་ཁ་ནང་བཞིན་ཚ་སོབ་སོབ་དང་། དཔྱིད་ཀ་བཞིན་ས་གཞི་ཚང་མ་སྔོ་ལྗང་ལྗང་། སྟོན་ཁ་བཞིན་འབྲས་བུས་ཕྱུག་པ་ཞིག་མིན་ཡང་། ང་རང་དགུན་གྱི་ཁ་བར་ཤིན་ཏུ་ནས་དགའ།

(མཛུབ་སྟོན་དགེ་རྒན། སྨྱུག་སོན་ནོར་སངས)