《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月07日

ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས།

ཁེ་ལས་ལ་སྲུང་སྐྱོང་བྱེད་པའི“1+Nམཉམ་འབྲེལ”ཞབས་ཞུའི་ས་ཚིགས་བཙུགས་པ།

འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཅུས་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས། སྤྱི་བདེ་ཅུས། མི་སྤྱི་ཅུས། ཞིང་ལས་གྲོང་གསེབ་ཅུས། ཁྲོམ་ར་ལྟ་འདོམས་ཅུས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས(ཚོང་ཚོགས) ཁྲལ་དོན་ཅུས་བཅས་འགན་ནུས་ཚན་པ་8དང་མཉམ་དུ། བོད་ལྗོངས་ཆིང་ནོར་ཚན་རྩལ་ཐོན་ལས་སྐྱོང་གསོ་གླིང་དུ་ཞིབ་དཔྱོད་ཁང་གིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི“1+Nམཉམ་འབྲེལ”ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་དང་ཞིབ་དཔྱོད་ཁང་དང་ཁེ་ལས་མཉམ་སྐྲུན་བྱེད་སྒོ་སྤེལ་བ་རེད།

ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་ཅང་ཀོང་ཆོན་གྱིས། “1+Nམཉམ་འབྲེལ”ཞབས་ཞུའི་ས་ཚིགས་ཀྱིས་ཁེ་ལས་ཀྱི་ཁྲིམས་སྐྱོང་དགོས་མཁོ་དང་ཟུང་འབྲེལ་བྱེད་པ་དང་ཞབས་ཞུའི་ས་ཚིགས་ཀྱིས་གཞི་གཅིག་ཏུ་ལས་འགན་སྒྲུབ་པའི་ལས་སྟེགས་ཀྱི་ནུས་པར་བརྟེན་ནས། དེ་བས་ཞིབ་ཚགས་པའི་བྱ་ཐབས་དང་དེ་བས་ལེགས་པའི་ཞབས་ཞུར་བརྟེན་ནས“ཁེ་ལས་ལ་རམ་འདེགས་བྱེད་པ་དང་། ཁེ་ལས་ལ་ཕན་པ་སྐྲུན་པ། ཁེ་ལས་ལ་སྲུང་སྐྱོང་བྱེད་པ”བཅས་ཀྱི་སྣ་འདུས་ཐབས་བཟང་བཏོན་ཏེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།