《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月07日

ནག་ཆུའི་རིམ་གཉིས་ཁྲིམས་ཁང་གིས།

ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བ་དང་བསྟུན་ནས་དུས་བདེ་འཛུགས་སྐྲུན་ལ་རམ་འདེགས་བྱས་པ།

འདི་ནི་ནག་ཆུ་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཕྱོགས་བསྡུས་བཅོས་སྐྱོང་གི་དྲིལ་བསྒྲགས་ཟླ་བ་ཤར་ཚུན། ནག་ཆུ་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ནས། ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲི་རང་རྟོགས་ངང་ཁུར་ཞིང་། གཅིག་སྡུད་དྲིལ་བསྒྲཌ་དང་། གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ། ཁྲིམས་དཔོན་གྱིས་ཁྲིམས་ཤོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་ཏེ་སྤྱི་ཚོགས་ཀྱི་དྲང་ནུས་དར་སྤེལ་བཏང་བས། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་ཁྲིམས་འཛིན་དྲང་གཞག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྣེ་ཁྲིད་བྱས་པ་རེད།