《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月23日

“ཀྲུང་གོས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད”

—— གོ་ལ་ཧྲིལ་པོའི་མཚོ་འགྲམ་གླེང་སྟེགས་ཀྱི་རྒྱལ་སྤྱིའི་མཐུན་སྦྱོར་ཨུ་ལྷན་གྱི་མཐུན་སྦྱོར་བ་སི་ཕེ་ཁེ·སྨི་ལིན་ཏུན་ལ་བཅར་འདྲི་བྱས་པ།

གོ་ལ་ཧྲིལ་པོའི་མཚོ་འགྲམ་གླེང་སྟེགས་ཀྱི་རྒྱལ་སྤྱིའི་མཐུན་སྦྱོར་ཨུ་ལྷན་གྱི་མཐུན་སྦྱོར་བ་སི་ཕེ་ཁེ·སྨི་ལིན་ཏུན་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་གནས་སྤོའི་དངོས་རིཊ་སྲུང་སྐྱོང་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་མཇུག་འགྲིལ་མ་ཐག་རེད། ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་པའི་ཁོང་གིས་ཨེ་ཤེ་ཡ་ཤར་མ་ནས་ཨོ་སི་ཁྲུ་ལི་ཡའི་ཨེ་ཤེ་ཡ་ནུབ་མའི་གནས་སྤོ་འཕུར་སྐྱོད་ས་ཁོངས་ཀྱི་རོཊ་ཟླའི་འབྲེལ་བའི་གྲོས་མཐུན་གྱི་དབུ་བཞུགས་ལག་བསྟར་དཔོན་དང་རྒྱལ་སྤྱིའི་ཁྲུང་ཁྲུང་རིགས་ཀྱི་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་ཡོད་ལ། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ནང་ཡུན་རིང་ཞུགས་ནས། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། སྐྱེ་ཁམས་དང་འདམ་ར་སྲུང་སྐྱོང་གི་ཁྱབ་ཁོངས་སུ་ཐོབ་པའི་གྲུབ་འབྲས་ལའང་བདེན་དཔང་བྱས་ཡོད།

སྨི་ལིན་ཏུན་གྱིས“གོ་ལ་ཧྲིལ་པོའི་མཚོ་འགྲམ་གླེང་སྟེགས་ཀྱིས་ཕྱོགས་ཁག་ལ་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་མཁོ་འདོན་བྱས་ཡོད་ལ། ཡན་ཁྲེང་གིས་གོ་ལ་ཧྲིལ་པོའི་མཚོ་འགྲམ་གླེང་སྟེགས་ཚོགས་འདུར་རྒྱབ་སྐྱོར་བྱས་པ་དེ་ལས་ཀྱང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་མཉམ་ལས་ལ་མཐོང་ཆེན་བྱེད་པའང་མཚོན་ཡོད། དེ་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་བའི་རྒྱབ་ལྗོངས་འོག་དེ་བས་གལ་འགངས་ཆེ་བ་ཞིག་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ཀྲུང་གོ་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་ངོས་ནས་བརྗོད་ན་རྩ་དོན་ཐོག་སྤྱིར་བཏང་གི་མཚོ་ཁ་སྲུབ་པའི་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ་དང་། ཀྲུང་གོའི་ཧོང་ཧའེ(པོ་ཧའེ)ཡི་མཚོ་ཐོག་གི་དུས་བྱ་འཚོ་སྡོད་ཁུལ་གྱི(དུས་ཐེངས་དང་པོའི)རྣམ་གྲངས་དེ《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་འཇུག་རྒྱུའི་ཆོག་མཆན་ཐོབ་ཡོད་ལ། མཚོ་འགྲམ་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྲུང་གོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས་རྒྱལ་ཁབ་གཞན་གྱིས་དཔྱད་གཞིར་འཛིན་རིན་ཡོད་པའི་ཆ་ཧ་ཅང་མང་པོ་ཡོད་ཅེས་བརྗོད།

ཁོང་གིས“ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཀྱི་གལ་འགངས་ཆེ་ཤོས་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱེད་དགོས་ལུགས་བཏོན་པ་དེ་ཡིན་ཞིང་། དེ་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནམ་གཤིས་ཁོར་ཡུག་གི་ཉམས་ཉེན་ལ་ཁ་གཏད་གཅོག་པའི་རྩ་དོན་གལ་ཆེན་ཞིག་རེད། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད”ཅེས་བརྗོད།