འདི་ག་ཚགས་པར་ཁང་དུ་མཚོ་སྨད་ནས་གློག་འཕྲིན་འབྱོར་གསལ། “ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་འཆར་འགོད་དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་དང་ཆོས་ལུགས་ལས་རིགས་མི་སྣའི་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། མཚོ་སྨད་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ(མི་རིགས་ཆོས་ལུགས་ལས་དོན་ཅུས)དང་། རྫོང་མི་དམངས་ཁྲིམས་ཁང་། རྫོང་ཁྲིམས་འཛིན་ཅུས་བཅས་ཀྱིས་ལྷ་ས་དངོས་གྲུབ་ཁྲིམས་རྩོད་པའི་ལས་དོན་སུའོ་ཡི་ཁྲིམས་རྩོད་པ་གདན་དྲངས་ཏེ་རྫོང་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ལྷན་5ཡི་ཆོས་ལུགས་ལས་རིགས་མི་སྣ་34སྒྲིག་འཛུགས་བྱས་ནས། “ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”དང་མི་རིགས་མཐུན་སྒྲིལ་དགོན་སྡེར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། འབྲེལ་ཡོད་ཆེད་ལས་མི་སྣས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《དམངས་དོན་ཁྲིམས་གཞུང》 《ཆོས་ལུགས་ལས་དོན་སྲོལ་ཡིག》 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》 《དྲ་སྦྲེལ་གྱི་ཆོས་ལུགས་ཞབས་ཞུའི་དོ་དམ་བྱེད་ཐབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་ནན་ཏན་བརྒྱབ་པ་དང་འབྲེལ། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་དང་། “ཚད་གཞི་བཞིའི”སློབ་གསོའི་ལག་ལེན་བྱེད་སྒོ མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བཅས་ལ་དམིགས་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ས་གནས་ས་ཐོག་ཏུ་ཆོས་ལུགས་ལས་རིགས་མི་སྣའི་བཅའ་ཁྲིམས་བློ་འདྲིར་ལན་བརྒྱབ་པ་དང་ཆབས་ཅིག ཆོས་ལུགས་ལས་རིགས་མི་སྣར་བཅའ་ཁྲིམས་ཤེས་བྱའི་ཡིག་རྒྱུགས་བཏང་སྟེ་བཅའ་ཁྲིམས་ཤེས་བྱའི་སློབ་སྦྱོང་ཕན་འབྲས་སྔར་བས་ཆེ་རུ་བཏང་བ་རེད། (བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་བསྟན་བཟང་གིས་ཞུས)