《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月23日

འཕྱོངས་རྒྱས་རྫོང་གི་ཁ་བསླུས་འགོག་རྒོལ་ཉེན་རྟོག་པས།

དམག་ཁྱི་ཁྲིད་དེ་ཁྲོམ་གཞུང་དུ་ཁ་བསླུས་འགོག་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

འདི་ནི་གྲོང་མིས་དམག་ཁྱིའི་གྱོན་ཆས་སྟེང་གི་རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་APPཤར་འབེབས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་མྱུལ་ཞིབ་ཉིང་ལག་རུ་ཁག་དམག་ཁྱིའི་རུ་ཆེན་གྱིས་འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་སྲོང་བཙན་ལམ་དམངས་ཕན་ཉེན་རྟོག་ལས་སྒྲུབ་ས་ཚིགས་དང་མཉམ་དུ་ཁ་བསླུས་འགོག་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

མི་དམངས་ཉེན་རྟོག་པས་རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིAPPཡི་རྩ་གཉིས་ཨང་རྟགས་བཀོད་པའི་གོས་གཡོགས་པའི་དམག་ཁྱི་གཉིས་ཁྲིད་དེ་སྲོང་བཙན་ལམ་གྱི་ལམ་དུམ་གཙོ་བོ་དང་། རྐང་ཐང་ལམ། ཐང་ཆེན་སོགས་བྱེད་སྒོ་སྤེལ་ཡུལ་དུ་རྐང་ཐང་མར་སྐོར་གཡེང་བྱས་པར་དོ་ཁུར་བྱེད་མཁན་མི་ཉུང་བ་བྱུང་ཡོད།

བྱེད་སྒོ་སྤེལ་རིང་། མང་ཚོགས་ཀྱིས་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་APPཕབ་ནས་ཁ་བསླུས་འགོག་རྒོལ་སྐོར་གྱི་ཤེས་བྱ་ཆུང་ཙག་ལ་ལན་འདེབས་ཐུབ་ཚེ་དམག་ཁྱི་དང་མཉམ་དུ་དྲན་རྟེན་པར་རྒྱག་ཆོག་པར་བརྟེན། འགྲུལ་པ་མི་ཉུང་བ་ཞིག་གིས་ལག་ཐོགས་ཁ་པར་སྤྱད་ནས་རྩ་གཉིས་ཨང་རྟགས་ཤར་འབེབས་བྱེད་པར་ཡོང་བ་དང་། མི་དམངས་ཉེན་རྟོག་པས་མང་ཚོགས་ལ་རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་APPཤར་འབེབས་བྱེད་རོགས་བྱས་ནས་ཁ་བསླུས་འགོག་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།