འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཐོ་གསར་ཁུལ་གྱི་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཚོད་ལྟའི་ཁྲོམ་བཀྱག་38ལ“བཟའ་བཅའི་བདེ་འཇགས་འགན་འཁྲིའི་འགན་བཅོལ་དོན་འཁྱོལ་བྱེད་པའི་བློས་འགེལ་ཆོག་པའི་དཔེ་སྟོན་ཁྲོམ་བཀྱག”གི་སྒོ་བྱང་སྤྲད་པ་རེད། དེ་དང་དུས་མཚུངས། ཞིབ་དཔྱད་ཚད་ལོན་གྱི་ཁྲོམ་བཀྱག་ལ་རང་མོས་ངང་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་འགན་བཅོལ་ཉོ་བའི་སྐུལ་མ་བཏང་སྟེ། ལོ་རེར་ཁྲོམ་བཀྱག་རེས་འགན་བཅོལ་མ་དངུལ་མཐོ་ཤོས་སྒོར་ཁྲི་60དངུལ་ལོངས་སྤྱོད་ཐུབ་ནས་བཟའ་བཅའི་བདེ་འཇགས་ལ་འགོག་སྲུང་འཛིང་རགས་གསར་པ་ཞིག་བསྣན་ཡོད།
བྱེད་སྒོ་སྤེལ་རིང་ལྷ་ས་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འགྲེམས་པང་འཛུགས་པ་དང་། སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་དངོས་པོ་སྤྲོད་པ་སོགས་བྱས་ནས་མང་ཚོགས་དང་དེ་བཞིན་ཉེ་འཁོར་གྱི་ཚོང་དུད་ལ་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་འགན་བཅོལ་དྲིལ་བསྒྲགས་བྱས་པ་རེད། དེ་དང་དུས་མཚུངས་གྱོད་དཔེ་དྲངས་པ་དང་དོན་དངོས་བཤད་ནས་ཁྲིམས་ལུགས་ལ་འགྲེལ་བཤད་བརྒྱབ་སྟེ་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་འགོག་ཟོན་མ་ལག་འཛུགས་པར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།