《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月23日

“དཔེ་དེབ་བརྒྱུད་སྤྲོད་བྱས་ནས་དཔེ་ཀློག་མཉམ་སྤྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

མེ་ཟོན་རོགས་སྐྱོབ་མི་སྣའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་རིག་གནས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས“དཔེ་དེབ་ཀློག་པར་དགའ་བ་དང་དཔེ་དེབ་ཡག་པོ་ཀློག་པའི”སློབ་སྦྱོང་གི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་ཆེད། ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཆེན་གྱིས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་མཉམ་དུ“དཔེ་དེབ་བརྒྱུད་སྤྲོད་བྱས་ནས་དཔེ་ཀློག་མཉམ་སྤྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས“སྒུལ་བདེའི་དཔེ་མཛོད”བྱེད་སྒོ་སྤེལ་ཡུལ་དུ་བཏང་བ་མ་ཟད། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོར་བརྡར་རུ་ཆེན་ལ་དཔེ་དེབ་200ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད། འདི་ནི་མེ་ཟོན་རོགས་སྐྱོབ་མི་སྣས་དཔེ་ཀློག་གི་མྱོང་ཚོར་སྤེལ་རེས་བྱེད་བཞིན་པ།