ཉེ་ཆར། སློབ་མའི་འགྲིམ་འགྲུལ་བདེ་འཇགས་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་སྔར་བས་ལག་བསྟར་དང་དོན་འཁྱོལ་བྱ་ཆེད། ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས“རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོ”ཐེངས་29པ་གོ་སྐབས་སུ་བྱས་ནས། བཀོད་སྒྲིག་ཞིབ་ཚགས་དང་ལས་འགན་དང་བྱ་ཐབས་ཞིབ་ཕྲ་བཟོས་ཏེ། སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཧུར་ཐག་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པའི་བརྗོད་དོན་གཙོ་བོའི་པར་དང་ཡི་གེ་བཀོད་པའི་བརྡ་སྦྱོར་9བཟོས་པ་དང་སློབ་གྲྭའི་ཕྱི་རོལ་བརྙན་ཤེལ་ཆེ་མོའི་སྟེང་སྐར་མ་30ཙམ་གྱི་བོད་སྐད་དང་རྒྱ་སྐད་ཀྱི་ཉེན་བརྡའི་སློབ་གསོའི་འགུལ་རིས་བརྙན་ཐུང་9བསྟན་པ་དང་ད་དུང་དྲིལ་བསྒྲགས་དངོས་པོ་དང་དཔྱད་ཡིག་2000ལྷག་ཙམ་སྤྲད་པ་རེད།