འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། རྫུན་ལྷད་ཞན་གསུམ་གྱི་མེ་ཟོན་ཐོན་རྫས་དབྱེ་བ་ཆོད་པའི་སྤྱི་ཚོགས་ཚན་པའི་ནུས་པ་ཆེ་རུ་གཏོང་བ་དང་མེ་ཟོན་ཐོན་རྫས་ཁྲོམ་ར་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར། སོག་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཚན་པའི་མེ་ཟོན་བདེ་འཇགས་ཀྱི་དོ་དམ་པ་སྒྲིག་འཛུགས་བྱས་ནས། མེ་ཟོན་ཐོན་རྫས་སྐོར་གྱི་ཆེད་དོན་གསོ་སྦྱོང་བྱས་པ་རེད།
གསོ་སྦྱོང་བྱེད་རིང་། རུ་ཆེན་གྱི་ལྟ་སྐུལ་ཁྲིམས་སྒྱུར་པས་ལག་འཆང་མེ་གསོད་ཕྱེ་སྐམ་དཔེར་བཞག་ནས། བཅའ་ཁྲིམས་ཁྲིམས་སྲོལ་དང་ལས་རིགས་ཀྱི་ཚད་གཞི་དང་ཟུང་འབྲེལ་གྱིས“ཕྱི་ངོས་ལ་ལྟ་བ”དང“དྲ་ཐོག་ནས་འདྲི་རྩད” “ས་གནས་ས་ཐོག་ཏུ་ཚོད་ལྟ”སོགས་ཀྱི་རྣམ་པ་བརྒྱུད། ཚད་ལྡན་གྱི་མེ་ཟོན་ཐོན་རྫས་ཇི་ལྟར་ཉོ་བ་དང་། མེ་ཟོན་ཐོན་རྫས་ཀྱི“ཐོབ་ཐང་ལག་ཁྱེར”དོ་དམ་བདེན་དཔང་ར་སྤྲོད། བཙན་ཤེད་རང་བཞིན་གྱི་ཞིབ་བཤེར་ཐོན་རྫས་སྙན་ཞུའི་གོ་ཆོད་དུས་ཚོད། རྒྱུན་སྤྱོད་མེ་ཟོན་ཐོན་རྫས་ཀྱི་གནད་དོན་གཙོ་བོ་དང་དེ་བཞིན་ས་གནས་ས་ཐོག་ཏུ་ཞིབ་བཤེར་ཇི་ལྟར་བྱེད་པ་སོགས་ཀྱི་ནང་དོན་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།
(མཚམས་གཅོད་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)