འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ད་ཕན་ལོ་ཤས་རིང་། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་འགན་སྒྲུབ་ཀྱི་དོན་དངོས་ལ་གཞིས་འཛུཌ་པ་དང་། རང་འགུལ་བྱས་རྗེས་འཇོག་པར་ཤུགས་སྣོན་རྒྱག་པ། ཀུན་ཕན་དངུལ་རྩའི་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱེད་པ། དངུལ་རྩའི་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཡིད་རྟོན་ཞན་པའི་དངུལ་བུན་གྱི་སྔོན་འགོག་ཚོད་འཛིན་དང་འདུམ་འགྲིག་ལས་དོན་ལ་སྐུལ་འདེད་ཏན་ཏན་གཏོང་བ་བཅས་བྱས་ནས། དངུལ་ཁང་སྒྲིག་གཞིའི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ། དངུལ་རྩའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེཌ་སུ་བཏང་ཡོད། ཟླ་2པའི་ཟླ་མཇུག་བར། གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་ཁང་སྒྲིག་གཞིའི་སྤྱི་ཡོངས་ཀྱི་ཡིད་རྟོན་ཞན་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.27ཆག་ཡོད་པ་རེད།
མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་རྩའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་འཕྲེད་ཕྱོགས་མཉམ་སྒུལ་བྱས་ཏེ། དངུལ་ཁང་སྒྲིག་གཞིར་ཡིད་རྟོན་ཞན་པའི་དངུལ་བུན་གཙང་བསྡུ་དང་ཐག་གཅོད་བྱེད་ཐབས་ལེགས་སུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་། “གསོག་འབོར་འདུམ་འགྲིག་དང་འཕར་རྒྱུ་ཚོད་འཛིན”བྱེད་པའི་རྩ་དོན་གཞིར་བཟུང་། དངུལ་རྩའི་སློབ་གསོ་དང་། སྲིད་འཛིན་སྐུལ་འདེད། ཁྲིམས་འཛིན་འདུམ་འགྲིག ས་གནས་ས་ཐོག་ཏུ་བསྡུ་སྐུལ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད། གསོག་འབོར་གྱི་ཡིད་རྟོན་ཞན་པའི་དངུལ་བུན་ཐག་གཅོད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཡོད། ཟླ་2པའི་ཟླ་མཇུག་བར་རིམ་རྩིས་བྱས་ནས། གསོག་འབོར་གྱི་ཡིད་རྟོན་ཞན་པའི་དངུལ་བུན་སྒོར་དུང་ཕྱུར་ཙམ་འདུམ་འགྲིག་བྱས་ཡོད་པ་རེད།