《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月21日

ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་ལ་བརྟེན་ནས་འབྲུ་རིགས་ཀྱི་ཐོན་འབབ་མང་དུ་བཏང་བ།

འདི་ནི་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་སྨི་དབྱིའི་ཆུ་འབྲས་དང་སྔོ་ཚལ་འདེབས་རེས་ཐོན་ལས་གླིང་ཡིན་པ།

ད་ཆ་དཔྱིད་རྨོད་ཀྱི་ཞིང་ལས་བྲེལ་བ་ཆེ་བའི་སྐབས་དང་འཁེལ་བས་ས་གནས་ཁག་གིས་གཅིག་མཇུག་གཉིས་མཐུད་ངང་སོ་ནམ་དུས་ཚོད་དམ་འཛིན་བྱས་ཏེ་ལོ་ཧྲིལ་པོའི་འབྲུ་རིགས་ལ་ཐོན་འབབ་བཟང་པོ་ཡོང་བར་འགོ་ཡག་པོ་ཞིག་བཙུགས་ཤིང་། ཞིང་ནང་དུ་མི་མེད་ཞིང་འཕྲུལ་ལ་བརྟེན་ནས་འབུ་སྨན་གཏོར་བཞིན་ཡོད་པ་དང་། དྲོད་ཁང་ཆེན་པོའི་ནང་ཆུ་ལུད་གཞི་གཅིག་ཅན་གྱི་ཞིང་ཆུ་འདྲེན་པའི་མ་ལག་ལ་བརྟེན་ནས་འདེབས་འཛུགས་ལས་ལ་བྲེལ་བ། ཆུ་རྫིང་དུ་འོད་ཤུགས་གློག་གཏོང་དང་ཉ་གསོ་ཚགས་ཕན་ཚུན་གསབ་རེས་དམ་ཟབ་བྱུང་བ་སོགས་ཟོག་འབྲེལ་དྲ་རྒྱ་དང་། གྲངས་གཞི་ཆེན་པོ། མི་ཐབས་རིག་ནུས་སོགས་ཚན་རྩལ་གྱི་ནུས་པར་བརྟེན་པའི“ཚན་རྩལ་དཔྱིད་རྨོད”ཀྱི་རྣམ་པ་ཞིག་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་དུ་མངོན་བཞིན་ཡོད།

འདི་ནི་སི་ཁྲོན་ཞིང་ཆེན་སུའེ་ཉིང་གྲོང་ཁྱེར་བདེ་སྡོད་ཁུལ་དུ་མི་ཐབས་ལ་བརྟེན་ནས་ཆུ་འབྲས་ཀྱི་ལྗང་པའི་སྐྱེ་འཚར་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཏུང་ཨན་རྫོང་ཅིང་ཐོའུ་ཞུས་གྲོང་རྡལ་ཡུན་ཧྥེང་གྲོང་ཚོར་ཞིང་འཕྲུལ་ལ་བརྟེན་ནས་ལྗང་པ་འཛུགས་བཞིན་པ།