ཟླ་4ཚེས་18ཉིན། དུས་ཡུན་ཉིན་6རིང་གི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་མཇུག་འགྲིལ་ཞིང་། སྐབས་འདིའི་འཛད་རྫས་དངོས་མང་སྟོན་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ་71གི་སྤུས་རྟགས་4000ལྷག་ཙམ་ཞུགས་པ་དང་འགྲེམས་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་དང་སྤུས་རྟགས་ཀྱི་གྲངས་འབོར་སྐབས་གོང་མ་ལས་9%དང་19%སོ་སོར་འཕར་ནས་ཚོགས་ར་གཙོ་བོའི་འགྲེམས་ཚོགས་སུ་ལྟད་མོ་བ་མི་ཐེངས་ཁྲི་37.3ཟིན་ཡོད་པ་རེད། འདི་ནི་ལྟད་མོ་བས་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་ཚོགས་ར་གཙོ་བོར་བང་བསྒྲིགས་ནས“འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་ལམ་ཡིག”ལེན་བཞིན་པ།
འདི་ནི་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་ཚོགས་ར་གཙོ་བོར་འགྲེམས་སྟོན་ལ་ཞུགས་མཁན་གྱི་ཚོང་པས་ལྟད་མོ་བར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་ལྟད་མོ་བས་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་ཚོགས་ར་གཙོ་བོར་ལྟ་སྐོར་བྱེད་བཞིན་པ།