འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། གཞིས་རྩེ་འདུམ་གཅོད་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་འབྲེལ་སྒོ་བྱང་གི་ཁེབས་རས་ཕྱེ་བའི་མཛད་སྒོ་འཚོགས་ཤིང་། ཉིན་དེ་ནས་བཟུང་ཕྱི་ཕྱོགས་ཀྱི་འདུམ་གཅོད་གྱོད་གཞི་དངོས་སུ་བདག་སྤྲོད་བྱས་པ་རེད། དེ་ནི་ལྗོངས་ཡོངས་སུ་ལྷ་ས་འདུམ་གཅོད་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་25སོང་རྗེས་ཀྱི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གཉིས་པ་དེ་རེད།
འདུམ་གཅོད་ཨུ་ཡོན་ལྷན་ཁང་བཙུགས་པའི་ཚོགས་ཆེན་ཐོག འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གཞིས་རྩེ་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་གི་ཁེབས་རས་ཕྱེ་བ་དང་འབྲེལ་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི《གཞིས་རྩེ་འདུམ་གཅོད་ཨུ་ཡོན་ལྷན་ཁང་འཛུགས་པར་ཐོ་འགོད་ཆོག་པའི་སྐོར་གྱི་བཀའ་མཆན》སྒྲོག་སྦྱངས་བྱས་པ་དང་། སྐབས་དང་པོའི་གཞིས་རྩེ་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོར་གདན་ཞུའི་ལག་ཁྱེར་སྤྲད་པ་རེད།