《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月17日

པར་རིས་གསར་འགྱུར།

ཡུལ་སྐོར་བས“ཚེ་རིང་ཁྱིམ་གྱི་བོད་བཟོའི་ཉམས་ལེན་ཁང”དུ་པར་རྒྱག་བཞིན་པ།

ཡུལ་སྐོར་བས“མཁོ་ཚོང་ཚོང་ཁང་འགྲེམས་ཚོང་གནས་མཆོག”ཁུལ་དུ་ཐམ་ག་བསྡུ་རུབ་བྱས་ནས་བྱ་དགའ་འཐེན་པའི་བྱེད་སྒོའི་ནང་ཞུགས་བཞིན་པ།

ཡུལ་སྐོར་བས“ཚེ་རིང་ཁྱིམ་གྱི་བོད་བཟོའི་ཉམས་ལེན་ཁང”དུ་པར་རྒྱག་བཞིན་པ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་ཀ་ལ་གྲོང་ཚོར་ཐད་གཏོང་བྱས་ནས་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་དང་། ཀོང་པོའི་དམངས་སྲོལ་གོམས་འདྲིས། ཞིང་ལས་ཁྱད་ལྡན་ཐོན་རྫས་སོགས་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་བཞིན་པ།

ཉེ་ཆར། བྲག་ཡིབ་ཆུས་ཚོང་དོན་ཅུས་ཀྱིས་ཞིང་ལས་དང་གྲོང་གསེབ་ཅུས་དང་། མཁོ་ཚོང་མཉམ་ལས་ཁང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཁོ་ཚོང་ཚད་ཡོད་ཀུང་སི། དེ་བཞིན་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་བཅས་དང་མཉམ་དུ་ཀ་ལ་གྲོང་ཚོར“སྐྱེ་ཁམས་བྲག་ཡིབ། ཁྱད་ལྡན་ཡུལ་ཟོག”ཅེས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་དེ་བཞིན་ཞིམ་ཟས་འགྲེམས་ཚོང་གི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།