ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་ཀྱིས་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་གྱི་གདོང་ལེན་དམག་དང་ལྟེ་བའི་འཕར་གཞི་ཡིན་པའི་དམིགས་ཚད་ལ་གཞིགས་ནས་ལས་དོན་ཏན་ཏིག་སྒྲུབ་པའི་སྤྱོད་ཚུལ་བཟང་པོ་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པའི་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་བར་རམ་འདེགས་བྱས་ཏེ་ས་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
⒈ སྲིད་དོན་སྒྱུར་བཅོས་ཁྱབ་གདལ་བཏང་ནས་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི“ལག་བསྟར་པ”ཞིག་བྱེད་པ།
ལས་ཆོད་ཆེ་ཞིང་སྟབས་བདེ་བའི་སྲིད་དོན་ཁོར་ཡུག་བཏོད་པ་། དམངས་ཕན་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུའི་འགན་ནུས་མཐོ་རུ་གཏོང་བ་དང་སྡེ་ཚན་ཁག་གིས་སྲིད་འཛིན་ཞིབ་མཆན་དོན་ཚན་གཅིག་སྡུད་ཐོག་གཉེར་ནས་མང་ཚོགས་རྣམས་ཕར་རྒྱུག་ཚུར་རྒྱུག་མི་དགོས་པ་བྱ་ཆེད། བྲག་ཡིབ་ཆུས་ཀྱིས“ཉུང་གཏོང་བཞིའི”སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས“དུས་ཚད་ཐུང་དུ་དང་། ཕར་འགྲོ་ཚུར་འོང་ཉུང་གཏོང་། དཔྱད་གཞི་ཉུང་གཏོང་། མ་གནས་དམའ་རུ་གཏོང་བ”བཅས་ལ་སྐུལ་འདེད་གཏོང་བར་མུ་མཐུད་ཤུགས་སྣོན་རྒྱག་བཞིན་ཡོད།
བྲག་ཡིབ་ཆུས་ཀྱི་རང་བྱུང་ཐོན་ཁུངས་སྐར་ཁུང་དང་ཐེམ་ཐོའི་སྐར་ཁུང་གི་ཐབས་ལམ་མང་པོའི་གྲོན་དངུལ་འཇལ་བའི་ལས་སྟེགས་ཤར་གཏོང་བྱས་པ་བརྒྱུད། མང་ཚོགས་རྣམས་དངུལ་སྨར་འཁྱེར་མེད་པའི་དབང་གིས་ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་དགོས་པའི་གནད་དོན་ཐག་གཅོད་ཐུབ་་ཡོད། བྲག་ཡིབ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་སྐར་ཁུང་དུ་གསར་དུ་གཉེར་བའི་བཟའ་བཅའི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་གྱི་དཔྱད་གཞི་ཁག་9ནས་ཁག་5བར་ཉུང་དུ་བཏང་བ་དང་། བཅའ་སྡོད་ཚན་པ་16གིས་ཤེས་སུ་འཇུག་པའི་ཁས་ལེན་ལམ་ལུགས་དོན་ཚན་ཁག་9དང་ཆད་རུང་བའི་དོན་ཚན་བདག་སྤྲོད་ཞབས་ཞུའི་རྣམ་པའི་དོན་ཚན་2ཁྱབ་གདལ་བཏང་ནས། སྲིད་དོན་ཞབས་ཞུ་དེ“སྒྲུབ་ཐུབ་པ”ནས“མགྱོགས་པོ་སྒྲུབ་པ”དང“སྟབས་བདེ་བ”“ཡག་པོ་སྒྲུབ་པ”བཅས་ཀྱི་ཕྱོགས་སུ་བསྒྱུར་ཡོད་པ་རེད། སྲིད་དོན་ཞབས་ཞུའི་དོན་ཚན་ཁག་དབྱེ་འབྱེད་གསེད་བཀྲོལ་བྱས་ཏེ་གཉེར་སྐྱོང་བྱེད་པོ་དང་མི་དམངས་མང་ཚོགས་ཀྱིས་སྤྱོད་མང་བ་དང་འབྲེལ་བའི་ཉེར་སྤྱོད་རིགས་ལེགས་སུ་དང་བརྟན་དུ་བཏང་བ་མ་ཟད། ཚད་ལྡན་ཅན་གྱི་གཏན་འབེབས་ཀྱང་ཆགས་ཏེ“སྦྲེལ་མཐུད་རྣམ་པའི”ཞིབ་མཆན་འཕྲལ་ཐག་ཆོད་པོས་སྤྱད་དེ་དོན་ཚན་3དང་གོང་འབུལ་དཔྱད་གཞི་8ཀྱི་བླང་བྱ་ལེགས་སུ་བཏང་ཡོད།
⒉ ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་རོགས་བྱས་ཏེ་སྤྱོད་གོ་ཆོད་པའི“བྱ་སྤྱོད་པ”ཞིག་ཧུར་ཐག་བྱེད་པ།
གསོན་ཤུགས་ཀྱིས་ཁེངས་པའི་ཁྲོམ་རའི་ཁོར་ཡུག་ཅིག་བཏོད་པ། བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ནས“ཅཱ་ནན་མཛེས་ལྗོངས་གཞིས་ཀའི”རྣམ་གྲངས་ཀྱི་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ལ་དམིགས་ནས“དཔོན་པོ་གསར་པས་ཀྱང་རྩིས་ཐོ་རྙིང་པ་ཁས་ལེན་པའི”སྤྱོད་ཚུལ་བཟང་པོར་བརྟེན་ནས“ཆེད་སྒྲུབ་ཚོགས་ཆུང་སྐུལ་སྤེལ་བྱ་ཐབས”དང“འཐབ་ས་དང་པོའི་ལས་དོན་སྤེལ་སྟངས”སྤྱད་དེ་ཁེ་ལས་དང་འབྲེལ་མཐུད་ཀྱིས་2024ལོའི་ཟླ་1ཚེས་14ཉིན《བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གི་དམངས་དོན་འདུམ་འགྲིག་ཡི་གེར》མིང་རྟགས་བཀོད་ནས་ལོ་11རིང་གི་ལོ་རྒྱུས་གནད་དོན་ཐག་གཅོད་བྱས་པ་རེད།
བྲག་ཡིབ་ཆུས་རང་བྱུང་ཐོན་ཁུངས་ཅུས་ཀྱིས་བོད་ལྗོངས་གཡུ་ཐོག་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ས་ཆ་སྤྱོད་དབང་ཐོ་འགོད་བྱེད་ཐབས་བྲལ་བའི་གནད་དོན་ལ་དམིགས་ནས་ཆེད་མི་མངགས་པ་དང་། དུས་ཐོག་ཏུ་འབྲེལ་མཐུད་བྱེད་པ། གྲོས་མོལ་ཐག་གཅོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཁེ་ལས་ལ་ས་ཆ་སྤྱོད་དབང་ཐོ་འགོད་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་བྲག་ཡིབ་ཆུས་ཡན་ལག་ཅུས་ཀྱིས་བོད་ལྗོངས་ཐོན་ཧེ་སྦི་རག་ཚད་ཡོད་ཀུང་སི་དང་ཉིང་ཁྲི་གངས་ལྗོངས་ཐོན་ཁུངས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མཐུན་པའི་ཁེ་ལས་ལ་འབྲེལ་ཡོད་དཔང་ཡིག་དུས་ཐོག་ཏུ་མཁོ་འདོན་དང་ཁེ་ལས་ལ་གློག་རིན་ཁ་གསབ་རེ་ཞུ་བྱེད་རོགས་བྱས་ཏེ། ཁེ་ལས་ཀྱི་གློག་སྤྱོད་མ་གནས་དམའ་རུ་བཏང་ཡོད། བྲག་ཡིབ་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་དང་འབྲེལ་མཐུད་ཚོགས་འདུ་འཚོགས་ནས། ཀྲུང་གོ་དངུལ་ཁང་དང་། བཟོ་ཚོང་དངུལ་ཁང་། ཞིང་ལས་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་ཆེ་གྲས་ཁག་དབར་འབྲེལ་མཐུད་ཧུར་ཐག་བྱས་པ་རེད།
⒊ ཁྲིམས་བཟང་སྐྱོང་མཁས་ཀྱིས་ལས་དོན་སྒྲུབ་མཁས་པའི“ལག་ལེན་པ”ཞིག་ཧུར་ཐག་བྱེད་པ།
དྲང་གཞག་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག་བཏོད་པ། བྲག་ཡིབ་ཆུས་ཀྱིས་རྒྱལ་ཁབ་པུའུ་ཨུད་ལྔ་ཡིས་མཉམ་དུ་ཁྱབ་བསྒྲགས་བྱས་པའི《འགྲན་རྩོད་དྲང་གཞག་གི་ཞིབ་བཤེར་ལམ་ལུགས་ལག་བསྟར་ཞིབ་སྲོལ》དོན་འཁྱོལ་ནན་པོ་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་མངགས་བཅོལ་བློ་འདྲིའི་དཔྱད་དཔོག་དོ་དམ་བྱ་ཐབས་དང་། བཟོ་ལས་གླིང་གི་དོ་དམ་གནས་སྐབས་ལག་བསྟར་བྱ་ཐབས། སྲིད་གཞུང་གི་མ་འཇོག་རྣམ་གྲངས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་བཟོས་ནས་བཀྲམ་སྟེ། རྣམ་གྲངས་ཇུས་འགོད་དང་། ཨར་སྐྲུན། གཉེར་སྐྱོང་སོགས་ལྷུ་ཚིགས་ཁག་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་བ་དང་རྣམ་གྲངས་སྣ་ཚོགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། བྲག་ཡིབ་ཆུས་ཀྱི་བོད་སྐྱོར་རྣམ་གྲངས་ཐད་མུ་མཐུད་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་100%ལས་འགོ་བསྐྱར་ཚུགས་དང་། གསར་སྐྲུན་རྣམ་གྲངས་100%སྤེལ་འགོ་ཚུགས་པ། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་100%དྲ་ཐོག་ནས་སུས་འཇོན་དེ་འགུག་བྱེད་པ་བཅས་100%གསུམ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད།
བྲག་ཡིབ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། སྲིད་འཛིན་བྱ་སྤྱོད་ཀྱིས་ཁྲོམ་རའི་བྱ་སྤྱོད་ལ་ལུགས་མཐུན་མིན་པའི་ཐེ་ཇུས་བྱེད་ཚད་ཉུང་དུ་བཏང་ཡོད། ཡིད་རྟོན་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ནས་དུས་བཀག་ལྟར་ལོ་རེའི་སྙན་ཞུ་མ་ཕུལ་བའི་གཉེར་སྐྱོང་བྱེད་པོའི་དུད་ཚང་3444འཕྲལ་ཐག་ཆོད་པོས་རྒྱུན་ལྡན་མིན་པའི་མིང་ཐོའི་ནང་བཅུག་པ་དང་། རེ་ཞུའི་དཔྱད་གཞིའི་ཡིག་རིགས་ཕུལ་རྗེས་དུད་ཚང་2837མིང་ཐོ་དེ་ནས་བཏོན་ནས། ཡིད་རྟོན་ལྟ་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། “བཀག་རྒྱ་མེད་ན་གཉེར་ཆོག་པའི”ཁྲོམ་རའི་འཇུག་འཐུས་རྩ་དོན་དོན་འཁྱོལ་ནན་པོ་བྱས་ཏེ། ལོ་འཁོར་ནང་གཉེར་སྐྱོང་བྱེད་པོ་དུད་ཚང་2861གསར་སྣོན་བྱས་པ་དེ་དུས་མཚུངས་ལས་13.1%འཕར་ཡོད། ཁྲོམ་རའི་སྒྲིག་ལམ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས་ཏེ་གྱོད་གཞིའི་ཁུངས་སྣེ་ཁག་48རྩིས་སྤྲད་པ་རེད།