ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་ནོར་སྟོད་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་མཉམ་དུ། ཁོངས་གཏོགས་ཁུལ་དུ་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ་སྒོར་ཁྲི་28.5རི་བའི་སྨན་རྫས་སྤྲད་པ་རེད། ད་ཐེངས་ཀྱི་བྱེད་སྒོར་བགྲེས་སོང་200ལྷག་ཙམ་ཞུགས་ཡོད་ཅིང་། འདི་ནི་དང་བླངས་པས་རྒན་རྒོན་ལ་སྨན་རྫས་རིན་མེད་དུ་སྤྲད་ནས་སྤྱོད་སྟངས་སློབ་བཞིན་པ།