《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月17日

ཉི་དྲོ་གླིང་སྡེ་ཁུལ་གྱིས།

ཁུལ་ཆུང་དུ་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱེད་པའི་བྱ་སྤྱོད་སྤེལ་བ་ནས་བཟུང་། ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་གྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། དཀའ་གནད་དང་འགག་སར་མུ་མཐུད་དམིགས་ནས་ཐབས་མང་མཉམ་སྤྱོད་དང་གོང་འོག་མཉམ་འགུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ཀྱི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ཉིན་ཤས་གོང་། ཉི་དྲོ་གླིང་སྡེ་ཁུལ་གྱི་ཉེན་དོན་ཁང་དང་། གྲོང་ཁྱེར་དོ་དམ་ལས་དོན་པ། ཁུལ་ཆུང་གི་སྡེ་ལས། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། ཙུའུ་ཀྲང་སོགས་མི་40ལྷག་ཙམ་གྱིས་ཉི་དྲོ་གླིང་ཁུལ་ཆུང་དུ་ཁོར་ཡུག་གི་ཆེད་དོན་བཅོས་སྒྲིག་ཉིན་གཉིས་བྱས་པ་རེད།

ཉི་དྲོ་གླིང་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་བརྒྱུད། ཉི་དྲོ་གླིང་ཁུལ་ཆུང་གི་ཁོར་ཡུག་འཕྲོད་བསྟེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཁས་ལེན་ཡག་པོ་ཐོབ་ཡོད་ཅེས་བརྗོད་པ་རེད།