འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དུས་བབ་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད་དང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི་བདེ་འཇགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཀྱི་ཁྱད་ཆོས་ལ་གཞིགས་ནས། ལས་ཐོན་བསྐྱར་ཚུགས་ཀྱི་བདེ་འཇགས་ཀྱི་ཉེན་ཁར་དུས་ཐོག་ཏུ་དབྱེ་ཞིབ་བརྡར་གཅོད་ཀྱིས་ཁྱབ་ཁོངས་ཆེན་པོ་བཞིའི“གསལ་ཐོ་རྣམ་པའི”ཁྲིམས་སྒྱུར་ཁྱབ་གདལ་གཏོང་བའི་རྨང་གཞིའི་ཐོག་གསལ་ཐོའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ལས་རིགས་མི་འདྲ་བའི་ཁྱབ་ཁོངས་ལ་གཞིགས་ནས་ལས་ཐོན་བསྐྱར་ཚུགས་ཀྱི་ཞིབ་བཤེར་གསལ་ཐོ་བཟོས་ནས་ཁྲིམས་སྒྱུར་ཞིབ་བཤེར་གྱི་ཕན་འབྲས་དངོས་ཐོན་པར་བྱས་ཏེ། སྟོད་ལུང་བདེ་ཆེན་ཆུས་ཀྱི་ལོ་འཁོར་མོའི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་འགོ་ཡག་པོ་ཞིག་བཙུགས་པ་དང་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ཉིན་ཤས་བསྟུད་མར། སྟོད་ལུང་བདེ་ཆེན་ཆུས་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་མུ་མཐུད་འཐབ་ས་དང་པོར་བསྐྱོད་ནས། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཁྲོད་ལྷག་པའི་གནད་དོན་དང་ཞན་ཆ་དང་། ཉམས་ཞན་ལྷུ་ཚིགས་ལ་གྲལ་བཤེར་བྱེད་རོགས་བྱེད་པ་དང་། ལྷག་པར་དུ་ཉེན་ཡོད་རྫས་འགྱུར་དངོས་རྫས་དང་། བཟོ་ལས་ཚོང་དོན་སོགས་ལས་རིགས་ཁྱབ་ཁོངས་ཀྱི་ཁེ་ལས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་ལས་ཐོན་བསྐྱར་ཚུགས་ཀྱི་བདེ་འཇགས་ཞབས་འདེགས་ཞུས་ཏེ་ཁེ་ལས་བདེ་འཇགས་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད།
ཞིབ་བཤེར་མི་སྣས་ལས་ཐོན་བསྐྱར་ཚུགས་ཀྱི་ཞིབ་བཤེར་གསལ་ཐོའི་ནང་དོན“གསལ་ཐོར་གཞིགས་ནས་བཀོལ་སྤྱོད”དང་། ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི“གཅིག་བྱས་པ་དྲུག”དོན་འཁྱོལ་བྱས་ཚུལ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་རང་བཤེར། བདེ་འཇགས་སློབ་གསོ་གསོ་སྦྱོང་། འཕྲལ་སྡོམ་སྦྱོང་བརྡར། ལས་གནས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་མ་ཟད། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང་མངོན་མེད་རྐྱེན་ངན་ཁེ་ལས་ལ་འཕྲལ་མར་དག་ཐེར་དང་སེལ་བའི་ལྕག་སྐུལ་བྱས་ཡོད། (ཚངས་འཁོར་གྱིས་བསྒྱུར)