《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月17日

ཉིང་ཁྲིས“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་ཐོབ་ཐང་ལག་ཁྱེར་གཉེར་བའི་རང་འགུལ་འཕྲུལ་ཆས་ནང་འདྲེན་བྱས་པ།

དུས་ཚོད་ཡོལ་བའི་ཐོབ་ཐང་ལག་ཁྱེར་མགྱོགས་མྱུར་བརྗེས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱས་པར། 2024ལོའི་ལོ་འགོར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཐེམ་ཐོ་ཁོའོ་ཡིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་གཉེར་བའི་རང་འགུལ་འཕྲུལ་ཆས་ནང་འདྲེན་བྱས་ཡོད། ཟླ་4ཚེས་2ཉིན་ཞིང་ཆེན(རང་སྐྱོང་ལྗོངས)གཞན་གྱི་ཐོབ་ཐང་ལག་ཁྱེར་དངོས་སུ་བཟོ་འགོ་ཚུགས་ཤིང་། འདི་ནི་རང་ལྗོངས་ཀྱི“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་ནུས་པ་ལྡན་པའི་རང་འགུལ་འཕྲུལ་ཆས་ལ་བརྟེན་ནས་གྲོང་མིར་པར་རྒྱག་དང་ཐོབ་ཐང་ལག་ཁྱེར་བཟོ་བའི་འཕྲུལ་ཆས་དང་པོ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་འགུལ་གྱི་འཕྲུལ་འཁོར་དེ་ལ་པར་རྒྱག་པ་དང་། རང་འགུལ་བདག་སྤྲོད། དངུལ་བསྡུ་བ་བཅས་གཞི་གཅིག་ཅན་གྱི་ནུས་པ་ལྡན་པ་དང་ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་ཡོལ་ན་བརྗེ་ཆོག་པ་དང་བོར་བརླགས་སོང་ན་གསབ་ལེན་བྱེད་ཆོག་པ་སོགས་རང་འགུལ་གྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

མིག་སྔར། འཕྲུལ་འཁོར་དེས་ཆུ་ཚོད་24སྒྲུབ་གཉེར་བྱེད་པ་དང་ལས་ཐག་བཅད་པའམ་ཡང་ན་གཟའ་མཇུག་དང་དུས་ཆེན་གྱི་ངལ་གསོའི་ཉིན་མོ་གང་རུང་དུ་སྒྲུབ་གཉེར་བྱས་པས། མང་ཚོགས་རུ་སྒྲིག་པའི་དུས་ཚོད་ཐུང་དུ་བཏང་བ་མ་ཟད། འཕྲལ་མར་ཐོབ་ཐང་ལག་ཁྱེར་བཟོ་ཐུབ་ཀྱི་ཡོད་པ་རེད།