《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月16日

བོད་ཀྱི་འཐུས་མི་ཚོགས་པ་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ཧའེ་ཁོའུ་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་13ཉིན“སྒོ་དབྱེའི་གོ་སྐབས་མཉམ་དུ་སྤྱོད། མཛེས་སྡུག་འཚོ་བ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོཌ་སྐབས་བཞི་པ་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཞུགས་པ་དང་འབྲེལ་བོད་ལྗོངས་འགྲེམས་ཁང་ལ་བརྟག་ཞིབ་སྐོར་ཞིབ་ཀྱང་གནང་བ་རེད།

ལྕགས་རྭ་བློ་བཟང་བསྟན་འཛིན་དང་བཅས་པས་འགྲེམས་ཞུགས་ཁེ་ལས་ཀྱི་འགྲེམས་ཞུགས་ཐོན་རྫས་འགྲེམས་སྟོན་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་འབྲེལ། ཁེ་ལས་ཀྱི་འགན་འཁུར་བློ་མཐུན་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་བ་དང་སྦྲགས། འགྲེམས་ཞུགས་ཁེ་ལས་ཀྱི་འགྲེམས་ཞུགས་ཐོན་རྫས་གསར་གཏོད་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་འགྲེམས་ཁང་ལ་གདེང་འཇོག་ཆེན་པོ་གནང་ཞིང་། ཁོང་གིས་ད་ཐེངས་ཀྱི་འཛད་རྫས་དངོས་མང་སྟོན་ཚོགས་ནི་བོད་ལྗོངས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན་པས། ཚང་མས་འཛད་རྫས་དངོས་མང་སྟོན་ཚོགས་ལ་བརྟེན་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ཡག་པོ་སྤྱད་དེ། བོད་ཀྱི་ཕྱོགས་གང་ཅིའི་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ་མི་དེ་བས་མང་བས་བོད་ལྗོངས་ཤེས་རྟོགས་དང་། བོད་ལྗོངས་རྒྱུས་ལོན། བོད་ལ་མ་འཇོག་བྱེད་རྒྱུ་བརྩོན་ལེན་བྱེད་པ་དང་། བོད་ཀྱི་ཐོན་རྫས་ཀྱི་ཤུགས་རྐྱེན་དང་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་བཏང་སྟེ། ཐོན་རྫས་དེ་བས་མང་བ་རྒྱལ་ཡོངས་དང་འཛམ་གླིང་ལ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཅེས་གསུངས་པ་རེད།

འཛད་རྫས་དངོས་མང་སྟོན་ཚོགས་རིང་། རང་ལྗོངས་ཀྱིས་ད་དུང་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་རྣམ་གྲངས་ལ་གན་རྒྱ་འཇོག་པའི་མཛད་སྒོ་ཡང་འཚོགས་པ་རེད། (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)