འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། དཔྱིད་དུས་ནགས་ཚལ་ལ་ནད་འབུའི་གནོད་འཚེ་ཆེ་རུ་མི་འགྲོ་བ་བྱས་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་འགོག་སྲུང་ནགས་ཚལ་གྱི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱ་ཆེད། ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་གྱིས་སྣེ་གདོང་དང་ཟངས་རི་སོགས་གཙང་པོའི་རྒྱུད་ཀྱི་རྫོང་དང་ཆུས་5སྒྲིག་འཛུགས་བྱས་ནས་དཔྱིད་དུས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་གཙོ་བོར་བྱེད་པའི་དཔྱིད་དུས་ནགས་ཚལ་གྱི་ནད་འབུའི་གནོད་འཚེ་འགོག་བཅོས་ལས་དོན་སྤེལ་བ་རེད།
ད་ཐེངས་ཀྱི་འགོག་བཅོས་ལས་དོན་ཟླ་4ཚེས་1ཉིན་ནས་བཟུང་དུས་ཡུན་ཟླ་བ་གཅིག་སྤེལ་རྒྱུ་ཡིན་ཞིང་། དངོས་ཁམས་འགོག་བཅོས་དང་རྫས་འགྱུར་འགོག་བཅོས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཉི་ནུས་ཀྱི་རྙིའི་སླུ་ཟན་ཡང་བསྐྱར་བརྗེ་བ་དང་། རྫས་འགྱུར་སྨན་རྫས་འདེམས་སྤྱོད་ལ་དམིགས་སའི་རང་བཞིན་མངོན་གསལ་དོད་པ། འབུ་སྨན་སླ་རུ་གཏོང་བའི་བསྡུར་ཚད་དེ་བེད་སྤྱོད་གསལ་བཤད་ལ་ནན་པོར་གཞིགས་པ་དང་འབྲེལ་སྐབས་བསྟུན་གྱི་ལྷགས་ཕྱོགས་ལ་ཡག་པོ་བལྟས་ནས་ཚན་རིག་དང་མཐུན་པའི་ངང་འབུ་སྨན་གཏོར་རྒྱུ་རེད།
ལྷོ་ཁ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབང་ཝུན་ཐའོ་ཡིས“ང་ཚོས་ལག་རྩལ་ལ་བརྟེན་ནས་སྔོན་འགོག་དང་ཚོད་འཛིན་བྱས་ཏེ་གནོད་ཡོད་སྐྱེ་དངོས་ཐོན་ཚད་5.2‰མན་དུ་ཚོད་འཛིན་ཐུབ་པར་བྱས་ཐོག ‘གནོད་འབུ་ཡོད་ཀྱང་གནོད་འཚེ་མི་ཐེབས་པའི’ཕན་འབྲས་ཐོན་པར་བྱས་ཏེ། ལས་སླ་པོར་བྱུང་བ་ཞིག་མིན་པའི་སྐྱེ་ཁམས་ཀྱི་བར་ཁྱམས་ལ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།