《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月15日

གྲོང་གསེབ་ཀྱི་ཐོན་ལས་སྣ་ཚོགས་དར་ཞིང་རྒྱས་པ།

↑འདི་ནི་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་ཅིང་ཧྲན་གྲོང་རྡལ་ཅིང་ཧྲན་གྱི་མེ་ཏོག་རབ་ཏུ་བཞད་པའི་མཛེས་ལྗོངས་ཡིན་པ།

↑འདི་ནི་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་ཅིང་ཧྲན་གྲོང་རྡལ་ཅིང་ཧྲན་གྲོང་ཚོའི་གྲོང་མིས་གྲོང་ཚོའི་མཐའ་འཁོར་གྱི་ཇ་རི་ནས་ཅིང་ཧྲན་ཇ་ལོ་འཐུ་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་ཀྱིས་རང་ངོས་ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཅིང་ཧྲན་ཇ་ལོའི་ཐོན་ལས་གཅིག་སྡུད་ཁུལ་གཏོད་པ་དང་། ཕིང་ཡའོ་གྲོང་རྡལ་གྱི་ལོ་གསུམ་ཁམ་བུའི་ཁྱད་ལྡན་ཞིང་ལས་སྐྱེད་སྲིང་བྱེད་པ། དམངས་སྲོལ་གནས་ཚང་དང་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་གསེབ་ཀྱི་ཐོན་ལས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད། 2023ལོར་ཡུས་ཧང་ཆུས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་16.47ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་5.5ལྷག་ཙམ་ཟིན་ཡོད།