འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཁྲེང་ཏུའུ་ས་གཤིས་བརྟག་དཔྱད་ལྟེ་གནས་ཀྱིས་སྣེ་ཁྲིད་པ་དང་། ཀྲུང་གོ་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ནས་བཟོས་པའི《བོད་རང་སྐྱོང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གོ་ཆོད་པར་རིས་ཕྱོགས་བསྒྲིགས》དངོས་སུ་དཔེ་སྐྲུན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། པར་རིས་ཕྱོགས་བསྒྲིགས་དེའི་ནང་བོད་ཀྱི་དམིགས་བསལ་དང་རྙོག་འཛིང་ཆེ་བའི་ལེགས་ལྡན་ཆ་རྐྱེན་ཞིབ་འཇུག་བྱ་ཡུལ་དུ་བྱས་ནས་ས་ཁམས་ཀྱི་གནས་ཚུལ་མདོར་བསྡུས་དང་། མི་ཆོས་རིག་གནས་ཀྱི་དཔལ་འབྱོར། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག གནོད་འཚེའི་ཉེན་ཁ་བཅས་དང་དེ་བཞིན་གཙོ་གནད་དོ་ཁུར་བྱེད་པའི་ཐད་ཕྱོགས་བསྡུས་ཞིབ་འཇུག་དང་ཁྱད་ཆོས་དབྱེ་ཞིབ་བྱས་ནས་ས་བཅད་6གི་པར་རིས་115ཡོད་པ་རེད། པར་རིས་ཕྱོགས་བསྒྲིགས་དེའི་ནང་བོད་ཀྱི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ས་ཁམས་ཁྱབ་ཚུལ་གྱི་ཁྱད་ཆོས་དང་འགག་རྩའི་རྒྱུ་རྐྱེན་གཙོ་བོ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་ཐེངས་དང་པོ་བྱས་ཤིང་། མཚོ་བོད་ས་མཐོའི་ཐོན་ཁུངས་དང་ཁོར་ཡུག་ཆ་རྐྱེན་གྱི་ཁྱོན་ཡོངས་ཀྱི་ངོས་འཛིན་གསར་བརྗེས་བྱས་པ་དང་། “ས་ཁམས་རིག་པ”རྨང་གཞིར་བྱས་པ་དང“འཚམ་འཕྲོད་རང་བཞིན”ལྟེ་བར་བྱས་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་ཕྱོགས་བསྡུས་གདེང་འཇོག་བྱ་ཐབས་འཚོལ་ཞིབ་ཀྱིས་གྲུབ་པ་དང་འབྲེལ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཇུས་ཐག་གཅོད་རྒྱུར་གཞི་ཆེའི་དཔྱད་གཞི་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)