《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月15日

ཉིང་ཁྲིས་ཤེས་ལྡན་པ་གདན་འདྲེན་གྱི་སྐུལ་ལྕག་བྱེད་ཐབས་བཏོན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་ཤེས་ལྡན་པ་གདན་འདྲེན་གྱི་སྐུལ་ལྕག་བྱེད་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《སྐུལ་ལྕག་བྱེད་ཐབས》ཞེས་བསྡུ་རྒྱུ)བཏོན་ནས་རྒྱལ་ཡོངས་ས་གནས་ཁག་གི་ཤེས་ལྡན་པ་སྣ་ཚོགས་ཉིང་ཁྲིར་ཡོང་ནས་ལས་ཞུགས་ལས་གཏོད་བྱེད་པའི་ཡིད་དབང་བཀུག་སྟེ། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་སྐུལ་འདེད་གཏོང་ཆེད་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད།

《སྐུལ་ལྕག་བྱེད་ཐབས》དེ་ཉིད་ལེའུ་7དང་དོན་ཚན་23ལ་དབྱེ་ཡོད་པ་དང་། ཤེས་ལྡན་པ་གདན་འདྲེན་ཞུ་བ་དེ་རིམ་མཐོའི་ཤེས་ལྡན་པ་དང་ཕུལ་བྱུང་ཤེས་ལྡན་པ་གཉིས་སུ་དབྱེ་ནས་ཤེས་ལྡན་པ་གདན་འདྲེན་ཞུ་བའི་ཆ་རྐྱེན་ཁྱབ་ཁོངས་དང་། གདན་འདྲེན་ཞུ་སྟངས། ཐོབ་ཐང་འགན་ལེན། དོན་འཁྱོལ་ཆ་རྐྱེན་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ཏེ། ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཤེས་ལྡན་པ་གདན་འདྲེན་ཞུ་རྒྱུ་དེ་སྐུལ་ལྕག་ཁྱབ་ཁོངས་སུ་ཐོག་མར་བཅུག་ནས་ཤེས་ལྡན་པ་གདན་འདྲེན་ཞུ་བའི་ཁྱབ་རྒྱ་དང་། ཡིད་དབང་འགུགས་ཤུགས། བཀོལ་སྤྱོད་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་ཡོད་པ་ནི་ཉིང་ཁྲིས་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད།

《སྐུལ་ལྕག་བྱེད་ཐབས》ནང་། ལོ་འཁོར་གྱི་ཁྲལ་འཇལ་གྲངས་འབོར་ས་གནས་སུ་ཉར་བའི་ཆ་ཤས་སྒོར་ཁྲི་10ཡན་ཟིན་པའི་ཁེ་ལས་ཁེར་རྐྱང་གིས་ཤེས་ལྡན་པ་གདན་འདྲེན་གྱི་གྲོན་དངུལ་ཁ་གསབ་སྒོར་ཁྲི་50འདུན་ཞུ་བྱེད་ཆོག་པ་མ་ཟད། གདན་འདྲེན་ཞུས་པའི་ཤེས་ལྡན་པར་མང་ཤོས་ལ་སྒོར་ཁྲི་300ཟིན་པའི་ཁ་གསབ་འདུན་ཞུ་བྱེད་ཆོག

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་དབང་གིས་ཞུས)