ཉེ་བའི་ལོ་ཤས་རིང་། ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་ཡུང་རོང་གྲོང་རྡལ་གྱིས་ཇ་ལོ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས“འགྱུར་གསུམ”སྒྱུར་བཅོས་ལ་བརྟེན་ནས་ཞིང་དུད་ཆུང་ངུ་དང་ཇ་ལོ་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་ནུས་ལྡན་བྱས་ཏེ“མཉམ་འབྲེལ་ཁང་+ཞིང་དུད”ཀྱི་མ་རྐང་གཉེར་སྐྱོང་བྱེད་སྟངས་གྲུབ་པ་མ་ཟད། ཇ་ལོ་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་པར་འབབ་འཕར་དང་། ཐོན་ལས་ཕན་འཕར། སྐྱེ་ཁམས་རིན་འཕར་བཅས་ཡོང་བར་གཞོགས་འདེགས་བྱས་པ་རེད། འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་ཡུང་རོང་གྲོང་རྡལ་པའེ་ཡུན་སི་གྲོང་ཚོའི་ཇ་ཞིང་གི་ཡུལ་ལྗོངས་ཡིན་པ།