《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月14日

ཧྭ་གློག་ནོར་བུ་ས་འོད་ཤུགས་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་འཛུགས་སྐྲུན་སྤྱིའི་མྱུར་ཚད་50%ལེགས་གྲུབ་ཟིན་པ།

ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དུ་གནས་པའི་ཧྭ་གློག་ནོར་བུ་ས་850MWའོད་ཤུགས་རྣམ་གྲངས་ཀྱི་ས་བཟུང་རྒྱ་ཁྱོན་མུའུ་4289.59ཟིན་པ་དང་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་85ཟིན་ཞིང་། དེ་ནི་ཡར་ཀླུང་གཙང་པོའི་བར་རྒྱུད་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་གཙང་མའི་གློག་གཏོང་རྣམ་གྲངས་ཤིག་རེད། རྣམ་གྲངས་ཀྱི་ལས་གྲྭར་འགྱུར་མེད་མ་དངུལ་བསྡོམས་སྒོར་དུང་ཕྱུར་42ཙམ་བཏང་སྟེ་དུས་ཐེངས་བཞིར་དབྱེ་ནས་གསར་སྤེལ་འཛུགས་སྐྲུན་བྱེད་རྒྱུ་རེད། མིག་སྔར། རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ཆན་ཝ་ཁྲི་20ཡི་ལས་གྲྭ་འཛུགས་སྐྲུན་གྱི་སྤྱིའི་མྱུར་ཚད་50%ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་བདུན་པའི་ཟླ་མཇུག་ཏུ་ཤོང་ཚད་ཡོངས་དྲ་སྦྲེལ་གློག་འདོན་གྱི་ཆ་རྐྱེན་འཛོམས་རྒྱུ་རེད། འདི་ནི་སྐྲུན་བཞིན་པའི་ཧྭ་གློག་ནོར་བུ་ས་འོད་ཤུགས་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ཡིན་པ།