“སྒོ་དབྱེའི་གོ་སྐབས་མཉམ་སྤྱོད། མཛེས་སྡུག་འཚོ་བ་མཉམ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཟླ་4ཚེས་13ཉིན་ནས་ཚེས་18ཉིན་བར་ཧའེ་ནན་དུ་གཉེར་རྒྱུ་ཡིན་ཞིང་། སྐབས་དེར་རྒྱལ་ཁབ་དང་ས་ཁུལ་71གི་སྤུས་རྟགས་4000ལྷག་ཙམ་འགྲེམས་སྟོན་ལ་ཞུགས་རྒྱུ་རེད།
ཤེས་རྟོགས་བྱུང་བ་གཞིགས་ན། སྐབས་འདིའི་འཛད་རྫས་དངོས་མང་སྟོན་ཚོགས་ཀྱིས“རྩེ་གྲ་དང་སྣ་ཁ་གསར་པའི”ལམ་ཕྱོགས་དང་གནས་བབ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ཁེ་ལས་གྲགས་ཅན་གྱི་སྤུས་རྟགས་ཀྱིས“གསར་པ”“ངོ་མཚར”“ཁྱད་ལྡན”བཅས་ཀྱི་འཛད་རྫས་རྩེ་གྲ་འགྲེམས་སྟོན་ནང་ཞུགས་རྒྱུར་གདན་འདྲེན་པ་དང་། རྒྱལ་ཁབ་ཕྱི་ནང་གི་འཛད་རྫས་སྤུས་ལེགས་ཀྱི་ཐོན་ཁུངས་དང་ཉོ་མཁན་དང་འཚོང་པ་མཉམ་དུ་འཛོམས་ནས་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི“གོ་ལ་ཧྲིལ་པོ་ནས་ཉོ་བ། གོ་ལ་ཧྲིལ་པོར་འཚོང་བའི”གོ་ལ་ཧྲིལ་པོའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་མངོན་པར་བྱ་རྒྱུ་རེད།
↑ འདི་ནི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་ཚོགས་ར་གཙོ་བོ་སྟེ། ཧའེ་ནན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཡིན་པ།
→ འདི་ནི་འགྲེམས་ཞུགས་ཚོང་པས་ཧའེ་ནན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགྲེམས་སྟོན་བྱེད་བཞིན་པ།
↑ འདི་ནི་འགྲེམས་ཞུགས་ཚོང་པས་ཧའེ་ནན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགྲེམས་སྟོན་བྱེད་བཞིན་པ།
↑ འདི་ནི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་དར་སོ་ཆེ་བའི་འཚོ་བའི་འཛད་རྫས་འགྲེམས་ཁུལ་ཡིན་པ།