《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月13日

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི“རིམ་གཉིས”ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཉིན་གསུམ་བསྟུད་མར་ཆེད་དོན་ཟུར་ཁྲིད་དང་དཔེ་ཀློག་རང་སྦྱོང་བྱས་པའི་རྨང་གཞིའི་ཐོག ཚེས་11ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་ཙུའི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། འབྲེལ་ཡོད་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་། སྒྲོལ་དཀར། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་རེད།

ཀརྨ་ཚེ་བརྟན་གྱིས། སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་འཛུགས་རྒྱུ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་རྒྱག་རྒྱུ་སོགས་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་པར་དམིགས་ནས་བློ་གྲོས་ཟབ་པའི་གཏམ་བརྗོད་པ་དང་དངོས་སྒྲུབ་ཀྱི་ཇུས་འདོན་དགོས་པ་དང་། དགོངས་པ་ཁྲིད་སྟོན་དུ་བྱེད་པར་ཤུགས་སྣོན་བརྒྱབ་ནས། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ཏེ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བླང་བྱ་དེ་སྤྱི་ཚོགས་ལས་རིགས་ཁག་གི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་། ལྷག་བསམ་རྣམ་དག་གི་ལག་ལེན་པ། ལྷོད་པ་མེད་པའི་འབད་འཐབ་པ་བཅས་ཧུར་ཐག་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)