འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྫ་ཡུལ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་རྫོང་སྤྱི་བདེ་ཅུས་དང་། མེ་གསོད་རོགས་སྐྱོབ་རུ་ཁག རྒྱལ་ཁབ་གློག་དྲ། ནགས་ཚལ་རྩྭ་ཐང་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྫ་ཡུལ་རོང་སྟོད་གྲོང་རྡལ་དང་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་བསྐྱོད་དེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་འབྲེལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
ད་ཐེངས་ཀྱི་གྲལ་བཤེར་དེ་གཙོ་བོ་སློབ་གྲྭ་དང་། མཐའ་སྲུང་གཞུང་ལམ། གྲོང་ཚོ་ཁག་གི་བཅའ་སྲུང་ས་ཚིགས། རྒན་གསོ་ཁང་། སྣུམ་སྣོན་ས་ཚིགས། ཇ་ལོ་ལས་སྣོན་བཟོ་གྲྭ་སོགས་ལ་དམིཌ་ཏེ་མེ་གསོད་ཡོ་བྱད་དང་། གློག་བགོས་སྒམ། གློག་ལམ། དམིཌ་བསལ་ལས་རིགས་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་གྲལ་བཤེར་བྱས་པ་དང་། ཤེས་རྟོཌ་བྱུང་བའི་གནད་དོན་དག་ས་གནས་ས་ཐོག་འབྲེལ་ཡོད་འགན་ཁུར་བར་གསལ་བཤད་བྱས་པ་དང་འབྲེལ། དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱའང་བཏོན་ཡོད།