འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར། བོད་སྡོད་དཔུང་སྡེ་ཞིག་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་བསམ་བློ་དང་བྱ་སྤྱོད་ཚོགས་འདུ་གཉིས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱས་ཏེ། དམག་མིའི་ངར་ཤུགས་འཕེལ་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྡོད་དཔུང་སྡེ་དེས་འཕྲལ་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་གླེང་མང་བའི་གནད་དོན་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ནས། ལས་བྱེད་པས་གདོང་དམག་གི་ནུས་པ་འདོན་སྤེལ་བྱས་ཏེ་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་ནང་དོན་གཙོ་བོ་དག་ནག་པང་ཐོག་བཀོད་ནས་འགྲེམས་པང་བཟོས་ཡོད། ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་དཔོན་དམག་ཚོའི་དོགས་གཞིར་འགྲེལ་བཤད་བརྒྱབ་པ་མ་ཟད“གཙོ་གནད་སྣེ་ཁྲིད་ཀྱིས་ཀློག་པ་དང་། གླེང་མང་བའི་གནད་དོན་ལ་དབྱེ་ཞིབ་བྱེད་པ། གནད་བསྡུས་ཟིན་བྲིས་འགོད་པ”སོགས་ཀྱི་བྱ་ཐབས་བརྒྱུད། དཔོན་དམག་ཚོས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་དང་སེམས་ལ་ཟབ་མོ་ཟུག་པའི་འགན་ལེན་བྱས་ཡོད།