མེ་ཏོག་རྫོང་ཨུད་ཏང་ཀྲི་པུས་ངོས་འཛིན་ཟབ་གཏོང་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞི”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཟུང་འབྲེལ་བྱེད་པ། “གཞི་རིམ་དུ་ཞིབ་སློབ་ཟླ་བའི”བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ། ལས་བྱེད་པའི་སྣེ་ཁྲིད་དེ་གཞུང་ལས་ཁང་ནས་དོན་ཏེ་ཞིང་ནང་དང་མུ་ཁ་དང་། ཤང་དང་གྲོང་རྡལ་དང་གྲོང་ལྷན། ཁེ་ལས་དང་ཀུང་སི། སྔོན་ཐོན་ཚན་པ་བཅས་སུ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པར་སྐྱོད་པ། ཤེས་བྱ་ཕུན་སུམ་ཚོགས་སུ་དང་མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས། “སྟེགས་བུའི་ཐོག་ལངས་ནས་ཤོད་ཐུབ་པ་དང་། གཞུང་ལས་ཁང་དུ་བསྡད་ནས་འབྲི་ཐུབ་པ། སེམས་ལྷོད་ལ་བབས་ནས་བསམ་གཞིག་བྱེད་ཐུབ་པ། ཕྱིར་དོན་ནས་བྱ་བ་སྒྲུབ་ཐུབ་པ”བཅས་ཀྱི་ལས་བྱེད་པའི་མིག་དཔེ་ཞིག་གསོ་སྐྱོང་བྱས་ཡོད།
འདི་ནི་མེ་ཏོག་རྫོང་ཨུད་གཞུང་ལས་ཁང་ཏང་ཀྲི་པུའུ་དང་བཅས་པས་མེ་ཏོག་ལ་བཅིངས་འགྲོལ་ཐོབ་པའི་འཕེལ་རིམ་འཁོད་པའི“ལོ་ཟླའི་བར་འཁྱམས”ལ་ལྟ་སྐོར་བྱེད་བཞིན་པ།