《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月12日

སྨན་བཅོས་རོགས་སྐྱོབ་ཀྱིས་དམངས་སེམས་རབ་ཏུ་དྲོས།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གླིང་སྟོད་གྲོང་གསར་གྱི་ནད་ཀྱིས་མནར་བའི་གྲོང་མི་གཅིག་ལ་དུས་ཐོག་ཏུ་སྨན་བཅོས་རོགས་སྐྱོབ་ཐོབ་ཡོད། གྲོང་ཚོ་ཨུ་ལྷན་དང་། ཚལ་སྣེ་ཤང་། འཕྲོད་བསྟེན་ཁང་། རྫོང་འཕྲོད་བསྟེན་འཕྲོད་སྦྱོར་ཨུ་ལྷན་སོགས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་ནད་པ་སྨན་ཁང་དུ་བསྐྱལ་ནས་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་གོ་སྐབས་བརྩོན་ལེན་བྱས་པ་རེད།

→ འདི་ནི་ཚལ་སྣེ་ཤང་འཕྲོད་བསྟེན་ཁང་གི་མྱུར་སྐྱོབ་རླངས་འཁོར་གྱིས་ནད་པ་ཆུ་ཤུར་རྫོང་མི་དམངས་སྨན་ཁང་དུ་སྐྱེལ་བཞིན་པ།

↓འདི་ནི་ནད་པས་སྨན་རིན་མི་དགོས་པའི་སྨན་བཅོས་དང་ལེན་བྱེད་བཞིན་པ།