《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月12日

པར་རིས་གསར་འགྱུར།

ཉེ་ཆར། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གར་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱིས་ཁྲེང་ཏུའུ་ཧྥུ་ཏ་རླུང་གྲུམ་མཁྲེགས་གྱུར་རུས་ནད་སྨན་ཁང་གི་བོད་སྐྱོར་སྨན་དོན་ཚོགས་པ་གདན་དྲངས་ནས་གྲོང་ཚོར་སྤྱི་ཕན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་སྨན་དོན་ཚོགས་པས་གྲོང་མིར་རུས་ནད་བརྟག་དཔྱད་དང་། མི་སྒེར་གྱི་ནད་གཞིར་གཞིགས་ནས་ཆེད་ལས་སྨན་བཅོས་ཀྱི་གྲོས་འགོ་འདོན་པ་དང་དྲག་སྐྱེད་ཡོང་ཐབས་ཀྱི་མཛུབ་ཁྲིད་བྱེད་པ། བདེ་ཐང་ཤེས་བྱ་འཆད་ཁྲིད། རླུང་གྲུམ་མཁྲེགས་གྱུར་སོགས་རུས་ནད་འགོག་བཅོས་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱས་ནས་གྲོང་མིའི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་བཏང་བ་དང་ཆབས་ཅིག་ས་གནས་ས་ཐོག་ཏུ་གྲོང་མི་ཚོར་རིན་པ་མི་དགོས་པར་སྨན་སྤྲད་པ་རེད།

འདི་ནི་སྤྱི་ཕན་སྨན་བཅོས་བྱེད་སྒོ་སྤེལ་ཡུལ་ཡིན་པ།