《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月12日

ལྷོ་ཁ་གྲོང་ཁྱེར་གྱི་གནམ་གཤིས་ཞབས་འདེགས་ཞུ་ནུས་ཆེ་རུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་རྫོང་རིམ་གཉིས་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཞབས་ཞུས་ལྷོ་ཁ་གྲོང་ཁྱེར་གྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”གི་ནུས་པ་འཛུགས་སྐྱོང་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ས་གནས་ཏང་ཨུད་དང་སྲིད་གཞུང་གིས་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་ཧུར་ཐག་བཅས་བྱས་པས་གནམ་གཤིས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཕྱིན་པ་རེད།

ལྷོ་ཁ་གྲོང་ཁྱེར་གནམ་གཤིས་སྡེ་ཚན་གྱིས་ལྷོ་ཁ་གྲོང་ཁྱེར་གྱི《〈གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་གནད(2022ལོ་ནས་2035ལོའི་བར)〉ལག་བསྟར་ཇུས་གཞིའི》དམིགས་ཚད་དང་བྱེད་ཐབས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་གནམ་གཤིས་ལྟ་ཞིབ་ཚད་ལེན་ཞིབ་ཚགས་ཀྱི་མ་ལག་གང་མགྱོགས་བཏོད་དེ། Xརླབས་རིམ་གྱི་ལེ་ཏ་ས་ཚིགས་གཅིག་གི་སྐྲུན་ས་དང་དེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཏེར་ཁུལ་གསུམ་གྱི་ཆར་ཆུ་ཆེད་དོན་ལྟ་ཞིབ་ཚད་ལེན་ས་ཚིགས་སྐྲུན་པའི་ལས་དོན་ལེགས་གྲུབ་བྱས་པ། ཆར་ཆུ་འབབ་ཚུལ་ལྟ་ཞིབ་ཚད་ལེན་ས་ཚིགས་18ཀྱི་ལས་སྒོ་འཁོར་སྐྱོད་བྱས་པ། ཐག་རིང་ས་ཚིགས་3དུ་བྱང་སྐར་ཕྱོགས་སྟོན་གྱི་འཕྲིན་གཏོང་སྒྲིག་ཆས་སྒྲིག་སྦྱོར་བྱས་པ། རྫོང་དང་ཆུས་7དུ་མཐོང་ཚོར་ལ་འགོག་རྐྱེན་བཟོ་བའི་སྣང་ཚུལ་ལ་ལྟ་ཞིབ་ཚད་ལེན་གྱི་རྒྱུ་རྐྱེན་བསྣན་པ་བཅས་བྱས་སྟབས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་མ་ལག་གཏོད་པར་ཕན་འབྲས་གསར་པ་ཐོབ་པ་རེད།