ད་ཕན་ལོ་ཤས་རིང་། བོད་ལྗོངས་གནམ་གཤིས་ཅུས་ཀྱི་ལས་དོན་པས་དགོས་མཁོ་ཁྲིད་སྟོན་དུ་བྱེད་པ་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། རིག་ནུས་ལྟ་དཔྱད་ཚད་འཇལ་དང་། རིག་ནུས་སྔོན་བརྡ་གཏོང་བ། རིག་ནུས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད།
① འདི་ནི་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ལས་དོན་པས་སྲུང་སྐར་སྤྲིན་རིས་བརྒྱུད་གནམ་གཤིས་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་པ།
② འདི་ནི་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ལས་དོན་པས་འགྲོ་ལམ་གྱི་གངས་མ་ཆར་དང་འཁྱགས་པ་སོགས་ཀྱི་རང་བྱུང་གནོད་འཚེའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་བཞིན་པ།
③ འདི་ནི་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ལས་དོན་པས་བརྙན་ཤེལ་མདུན་དུ་གནམ་གཤིས་གནས་ཚུལ་ལ་དབྱེ་ཞིབ་བྱེད་བཞིན་པ།