འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་2024ལོའི་དུས་ཐེངས་བཞི་པའི“སྲིད་གྲོས་འཆད་ཁྲིད་ཁང”གཉེར་ནས། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་བཅས་ཡིན་པའི་ལི་ཞུའེ་གདན་དྲངས་ཏེ“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར”དམིཌ་ཏེ་ཆེད་དོན་ཟུར་ཁྲིད་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་། སྒྲོལ་དཀར། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་རེད།
ཟུར་ཁྲིད་བྱེད་རིང་། ལི་ཞུའེ་ཡིས་ལོ་མང་རིང་གི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་འཕེལ་རྒྱས་དང་གསར་གཏོད་དང་། རྒྱལ་ཁབ་དང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཐོབ་པའི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པ་ཕྱོགས་ཡོངས་ནས་གཏོད་འགོ་ཚུགས་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་དོན་ཟབ་ཅིང་གོ་སླ་ལ་ཞིབ་ཚགས་པའི་གསལ་འགྲེལ་བྱས་པ་རེད།
ཚོགས་ཞུགས་མི་སྣ་ཚོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་སྔར་བས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་བརྟག་ཞིབ་གཏིང་ཟབ་བྱེད་པར་ཤུགས་སྣོན་རྒྱག་པ། རིན་ཐང་ལྡན་པ་དང་གནད་ལ་འཁེལ་བའི་ཁ་གཏད་གཅོག་ཐབས་དང་གྲོས་འགོ་ཁག་གཅིག་གྲུབ་པའི་བརྩོན་ལེན་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)