“གངས་འབྲུག་རྟགས་ཅན་གཉིས་པ”ཤང་ཀང་དུ་ཐོག་མར་བསྐྱོད་པ། ཉེ་ཆར“གངས་འབྲུག་རྟགས་ཅན་གཉིས་པ”ཤང་ཀང་གི་ཅན་ཧྲ་ཅུས་མཚོ་འགྲུལ་གྲུ་ཁར་དལ་བུར་སླེབས་ཤིང་། ཉིན་5ཡི་རིང་ཤང་ཀང་དུ་ཐོག་མར་འགྲུལ་བཞུད་བྱེད་འགོ་རྩོམ་རྒྱུ་རེད།
ཅང་སུའུ་ཞིང་ཆེན་ཤིང་ཧྭ་གྲོང་ཁྱེར་དུ་ལོ་གཅིག་དུས་གཅིག་གི་མའོ་ཧྲན་གྲུ་གཟིངས་འདུ་ཚོགས་གཟབ་རྒྱས་འཚོགས་པ་དང་། བདམས་ཐོན་པ་ཚོ་མའོ་ཧྲན་གྱི་ཤི་ཏ་གཙང་པོར་འཛོམས་ནས་རྩལ་འགྲན་དང་འཁྲན་སྟོན་ནང་ཞུགས་ཀྱི་ཡོད། མའོ་ཧྲན་གྲུ་གཟིངས་འདུ་ཚོགས་2014ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད། འདི་ནི་བདམས་ཐོན་པས་མའོ་ཧྲན་གྲུ་གཟིངས་འདུ་ཚོགས་ལ་ཞུགས་བཞིན་པ།