འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གྲོང་ཁྱེར་སྤྱི་བདེ་ཅུས་དང་། གློག་འཕྲིན་ཀུང་སི། སྒུལ་བདེ་ཀུང་སི། ལན་ཐུང་ཀུང་སི་བཅས་དང་མཉམ་དུ་ལུས་རྩལ་ཐང་དུ“ཡ་རབས་དང་བདེ་འཇགས་ངང་དྲ་བ་སྤྱོད་པ”བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་སྒྲོག་འགྲེལ་སློབ་གསོའི་བྱེད་སྒོ་སྤེལ་ཡོད།
བྱེད་སྒོ་སྤེལ་རིང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་ཐབས་ལམ་བརྒྱུད་གྲོང་མི་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་རྒོལ་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་འབྲེལ། དུང་ཕན་དང་། འགྱིག་ཁུག ཉི་གདུགས་སོགས་ཀྱི་དྲིལ་བསྒྲགས་དངོས་པོ་སྤྲད་དེ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་སྔར་བས་ཁྱབ་གདལ་བཏང་ཡོད།