ཉེ་ཆར། ཀྲུང་ཧྲན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གསུམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་2023ལོ་འཁོར་གྱི་ཆབ་མདོ་རྫོང་བྲག་གཡབ་རྫོང་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཟིན་ཞིང་། ལོ་གཅིག་རིང་། ཀྲུང་ཧྲན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གསུམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གསོ་རླུང་མི་འདང་བ་དང་ས་བབ་མཐོ་བའི་རང་བྱུང་ཆ་རྐྱེན་སོགས་ལས་རྣམ་པར་རྒྱལ་བ་དང་མཁྲེགས་ཆས་དང་མཉེན་ཆས་མི་འདང་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་མི་ཐེངས་1896ལ་སྒོ་བསྟེན་སྨན་བཅོས་དང་། སྨན་ཁང་དུ་ནད་པ་མི་ཐེངས་683བསྡུ་བཅོས་བྱས་པ། སྨན་ཁང་དུ་ཞག་སྡོད་གཤགས་བཅོས་ཐེངས་125བྱས་པ། མི་ཐེངས་116ལ་ནད་བརྟག་སྨན་བཅོས་བྱས་པ། སྨན་དོན་མི་སྣ་མི་ཐེངས་569གསོ་སྦྱོང་བྱས་པ། ནད་ཐོག་ཆེད་ཚན་1གསར་དུ་བཙུགས་པ། འཚམ་མཐུན་གྱི་ལག་རྩལ་གསར་པ་ཁག་26དང་རྣམ་གྲངས་གསར་པ་ཁག་14ལག་ལེན་བསྟར་བ་རེད། འདི་ནི་ཀྲུང་ཧྲན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གསུམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་པས་ནད་པར་གཤགས་བཅོས་བྱེད་བཞིན་པ།